​གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་སྒྲོག་འགྲེལ་གང་ལེགས་བྱས་པ།

发布时间:2017-06-16 08:25:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 

ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་།

 མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན།

 སྔོན་གཏོད་ལེགས་བརྩོན་ལ་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན།

 ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན

ཉེ་དུས།  ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་གི་ལས་དོན་རུ་ཁག་གིས།  གྲོང་ཚོ་དེ་ཡོངས་ཀྱི་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་གྱི་དུས་མཚམས་གཉིས་པའི་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་ཅེས་པའི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་ནས།  ཤང་དེའི་དྲིལ་བསྒྲགས་ཨུ་ཡོན་གདན་ཞུས་ངང་བརྗོད་དོན་གཙོ་བོའི་སྙན་ཞུའི་ཐོག་ནས་གྲོང་མིས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་དང་སྲོག་ཤིང་ལ་དགའ་ཞེན་བྱེད་རྒྱུའི་འབོད་སྐུལ་བྱས་པ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  བརྗོད་དོན་གཙོ་བོའི་སྙན་ཞུ་བརྒྱུད་བཀྲ་ཤིས་གྲོང་ཚོའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་མཚམས་དང་པོའི་ལས་དོན་ཕྱོགས་བསྡོམས་བྱས་པ་མ་ཟད།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དུས་མཚམས་གཉིས་པའི་བྱེད་སྒོ་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་བླང་བྱ་ཁ་གསལ་སྟོན་པ་དང་།  རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་འགྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ།  སྒྱུར་བཅོས་གོང་འཕེལ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་དོན་གཉེར་ལས་སྐྲུན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་བའི་འགན་སེམས་སྔར་བས་ཆེ་རུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

བཀྲ་ཤིས་གྲོང་ཚོའི་རྒྱ་ཆེའི་མང་ཚོགས་ཀྱིས་སྒྲོག་འགྲེལ་ཉན་པ་བརྒྱུད་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོར་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་བ་དང་།  མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་སོང་བས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དུས་མཚམས་གཉིས་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་སེམས་ནུས་གཅིག་སྒྲིལ་ངང་འཛུགས་སྐྲུན་བྱེད་པ་དང་།  བློ་གཅིག་སེམས་གཅིག་གིས་གོང་འཕེལ་ཡོང་ཐབས་བྱས་ནས་ནམ་ཡང་སྲོག་ཤིང་ལ་དགའ་ཞེན་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།།


上一篇:བཀྲ་ཤིས་པའི་རྫས་མཆོག་བརྒྱད།

下一篇:སྐད་གཉིས་གསར་འགྱུར་ལས་མཚོ་སྔོན་གྱིས་་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྔོ་རེངས་དང་སྐྱ་རེངས་ཀྱི་ན་འདམ་ལ་སྲུང་སྐྱོང་ཆེན་པོ་བྱ་རྒྱུ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1868969 位访客