སྲོལ་རྒྱུན་མི་རིགས་བཟོ་ལས་ལ་བརྟེན་ནས་དབུལ་ཕོངས་དུད་ཚང་ཕྱུག་འགྱུར་ལམ་བུར་སྣེ་འཁྲིད་བྱེད།

发布时间:2017-06-28 03:29:04

སྲོལ་རྒྱུན་མི་རིགས་བཟོ་ལས་བརྒྱུད་འཛིན་དར་རྒྱས་བཏང་། དབུལ་ཕོངས་དུད་ཚང་ཕྱུག་པོའི་ལམ་བུར་སྣེ་འཁྲིད་བྱེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མུའུ་ཤའི་སྲོལ་རྒྱུན་སྒྱུ་རྩལ་དངོས་ཟོག་ལས་སྣོན་ཚད་ཡོད་ཀུང་སི་ནི་སྤྱི་ལོ༢༠༠༢ལོའི་ཟླ༨པར་བཙུགས་པ་དང་།  བཟོ་གྲྭ་དེ་ནི་མི་རིགས་གྱོན་གོས་དང་སྲོལ་རྒྱུན་གྱི་བོད་བཟོའི་སྒྱུ་རྩལ་དངོས་ཟོག  མི་རིགས་གྱོན་ཆས་བཅས་ལས་སྣོན་དང་ཚོང་གཉེར་གཞི་གཅིག་ཏུ་སྒྲིལ་བའི་དམངས་གཉེར་ཁེ་ལས་ཤིག་ཡིན།  ཤེས་རྟོགས་བྱས་པར་གཞིགས་ན།  ཀུང་སི་དེས་སྤྱི་ལོ༢༠༡༦ལོར་ཐོན་རྫས་རིན་ཐང་སྒོར་ཁྲི༥༢༠ལྷག་ཙམ་མངོན་འགྱུར་ཐུབ་པ་རེད།  ཐོན་ལས་རྒྱ་སྐྱེད་དང་སྤུད་ཚད་མཐོ་རུ་བཏང་ཆེད་གསར་སྐྲུན་བཟོ་གྲྭ་སྨིད་གྲུ་བཞི་མ༡༢༠༠འཆར་འགོད་བྱས་པ་མ་ཟད་འབྲེལ་ཡོད་སྒྲིག་ཆས་ཀྱང་ཉོ་སྒྲུབ་བྱས་ཡོད།  བཟོ་གྲྭ་དེ་སྐྲུན་རྗེས་དབུལ་ཕོང་དུད་ཚང་གི་ལས་ཞུགས་ལས་གནས༩༢ཐག་གཅོད་བྱས་ནས་རིམ་བཞིན་ལྟེ་བ་ཅན་གྱི་དམངས་གཉེར་ཁེ་ལས་ཞིག་བར་འཕེལ་རྒྱས་གཏོང་རྒྱུ་རེད།   




བོད་ལྗོངས་འཕྲིན་དྲ། ཀྲུང་གོ་བོད་ཀྱི་དྲ་བ།

http://www.tibet3.cn/news/tibet/xz/2017-06-28/20503.html


上一篇:བོད་ལྗོངས་ཀྱིས་བརླག་སྟོང་ལ་ཉེ་པའི་དཔེ་རྙིང་མྱུར་སྐྱོབ་བྱས་པ།

下一篇:ནང་སའི་ཞིང་ཆེན་གསུམ་གྱིས་ལྷ་སར་ལས་མི་གདན་ཞུའི་ཚོགས་འདུ་འཚོགས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1868979 位访客