མཚོ་སྔོན་ཞིང་ཆེན་གྱིས་བོད་ལུག་ཕན་ལྡན་གསོ་སྤེལ་ལག་རྩལ་གྱི་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས།

发布时间:2017-06-28 03:34:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་ལུག་ཕན་ལྡན་གསོ་སྤེལ་ལག་རྩལ་གྱི་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་དང་ཞིང་ཆེན་ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་བོད་ལུག་ཐོན་ལས་སྟེགས་བུའི་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་ཟླ་དྲུག་པའི་ཟླ་མགོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་དང་ཧེ་ཡན་རྫོང་ནས་བསྡུས།

བོད་ལུག་ཕན་ལྡན་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་བཏང་ནས་ད་བར་དུ་ལོ་ལྔ་འགོར་ཟིན་པ་དང་། ཕན་ལྡན་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་བཏང་བ་བརྒྱུད་དེ། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་ཁང་གིས་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྲིག་བྱས་པ་དང་། ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་ལ། མཉམ་ལས་ཁང་གི་རྩ་འཛུགས་ཅན་གྱི་ཚད་གཞི་ཇེ་མཐོར་བཏང་ནས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་། བོད་ལུག་ཕན་ལྡན་གསོ་སྤེལ་ལག་རྩལ་གྱི་གྲུབ་འབྲས་ཐད་ནས2016ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ།

ལྟ་སྦྱོང་གྲོས་ཚོགས་སྐབས་སུ། ཚང་མས་ཕན་ལྡན་གསོ་སྤེལ་ཁྲོད་ཀྱི་ཉམས་མྱོང་དང་ལག་རྩལ། མྱོང་ཚོར་ཐད་ནས་བརྗེ་རེས་བྱས་པ་དང་། གསོ་སྤེལ་གོ་རིམ་ཁྲོད་གནས་པའི་གནད་དོན་ཐོན་ལས་སྟེགས་བུའི་ཆེད་མཁས་པར་ཡར་ཞུ་བྱས་ཏེ་ཡུལ་དངོས་ནས་ཐག་བཅད། གསར་དུ་རྙེད་པའི་དོགས་གནད་ཐད་ནས། ཆེད་མཁས་པ་ཚོས་ཟིན་ཐོར་བཀོད་པ་མ་ཟད། ཚོད་ལྟ་ཁང་དུ་སོང་ནས་ཞིབ་འཇུག་གསལ་བོ་བྱེད་རྒྱུའི་ཚུལ་བསྟན། ལྟ་སྦྱོང་སློབ་སྦྱོང་ལ་ཞུགས་པའི་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་མི་སྣས་ཐེངས་འདིའི་ལྟ་སྦྱོང་བརྒྱུད་དེ་ཁོ་ཚོའི་བོད་ལུག་གསོ་སྤེལ་ལག་རྩལ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ཟེར།  །


མཚོ་སྔོན་བོད་སྐད་རླུང་འཕྲིན། ཀྲུང་གོ་བོད་ཀྱི་དྲ་བ།

http://www.tibet3.cn/news/tibet/qh/2017-06-28/20501.html


上一篇:ནང་སའི་ཞིང་ཆེན་གསུམ་གྱིས་ལྷ་སར་ལས་མི་གདན་ཞུའི་ཚོགས་འདུ་འཚོགས་པ།

下一篇:ལྷོ་ཁ་གྲོང་ཁྱེར་གྱིས་ཆོས་ལུགས་ཁྱབ་ཁོངས་སུ་མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་གྱི་སྐོར་བསྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1869007 位访客