ལྷོ་ཁ་གྲོང་ཁྱེར་གྱིས་ཆོས་ལུགས་ཁྱབ་ཁོངས་སུ་མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་གྱི་སྐོར་བསྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

发布时间:2017-06-28 03:36:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་།  ལྷོ་ཁ་གྲོང་ཁྱེར་ཆོས་ལུགས་ཁྱབ་ཁོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་ལྷུན་རྩེ་རྫོང་དང་མཚོ་སྣ་རྫོང་།  ཟངས་རི་རྫོང་བཅས་ཀྱི་དགོན་སྡེ་ཁག་ཏུ་ཟབ་བསྐྱོད་བྱས་ནས་གཅིག་བསྡུས་སྒྲོག་འགྲེལ་དང་སྦྱོང་བརྡར་མཛུབ་ཁྲིད་སོགས་བྱ་ཐབས་བརྒྱུད།  མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་ཅེས་པའི་སྐོར་བསྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།  

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་ནང་དོན་དང་དམ་པོར་བསྟུན་ནས།  རྒྱ་ཆེའི་གྲྭ་བཙུན་ཚོར་རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་།  བོད་ནི་མེས་རྒྱལ་ཁྱིམ་ཚང་ཆེ་མོ་དང་ཤ་ཁྲག་འདྲེས་པ།  ཁ་བྲལ་དུ་མི་རུང་བ་ཞིག་ཡིན་པའི་ལོ་རྒྱུས་ཞིབ་པར་བཤད་པ་དང་།  རྒྱ་ཆེའི་གྲྭ་བཙུན་ཚོས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པ་ཤེས་རྟོགས་ཐུབ་པ་བྱས་པ་རེད།  ལོ་རྒྱུས་གླེང་བ་དང་གནས་ལུགས་གསལ་བཤད་བྱས་པ་བརྒྱུད་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་གི་བཀའ་དྲིན་ལ་སྣང་ཆེན་བྱས་ནས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི་རྨང་གཞིའི་ཐོག་མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་བྱས་ཏེ།  ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན།  ཆོས་ལུགས་ལ་དགའ་ཞེན་བཅས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  དབུགས་ལམ་གཅིག་གྱུར་དང་ལས་དབང་གཅིག་མཐུན།  གཅིག་སེམས་གཅིག་སྒྲིལ་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ།  མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་།  སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་སྤེལ།  སྤྱི་ཚོགས་གོང་འཕེལ་ཡར་རྒྱས་ལ་སྐུལ་སྤེལ་བཅས་བྱས་ཏེ་དོན་དངོས་བྱ་སྤྱོད་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བར་ཞུ་རྒྱུའི་སློབ་གསོ་བརྒྱབ་པ་རེད།  

ལྷོ་ཁ་གྲོང་ཁྱེར་གྱིས་ཕུལ་བྱུང་གྲྭ་བཙུན་སྒྲོག་འགྲེལ་པར་བདམས་ནས་ཁོང་ཚོས་རང་འགུལ་ངང་སྐོར་བསྐྱོད་སྒྲོག་འགྲེལ་ནང་ཞུགས་རྒྱུར་སྐུལ་མ་བཏང་བ་རེད།  གྲ་ནང་རྫོང་སྨིན་གྲོལ་གླིང་དགོན་སྡེའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ཀྱིས་མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་ཅེས་པའི་བརྗོད་དོན་གཙོ་བོ་དང་བསྟུན་ཏེ།  དགེ་འདུན་པའི་ཐོབ་ཐང་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་དང་།  དགོན་སྡེ་དང་གྲྭ་བཙུན་ལ་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་རྒྱུ་ཐུབ་ཡོད་པ།  དེ་བཞིན་དགོན་སྡེར་བྱུང་བའི་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་སོགས་ཞིབ་ཕྲའི་དཔེ་མཚོན་བྱས་ནས་སྒྲོག་འགྲེལ་ནང་དོན་བྱས་ཏེ།  དགེ་འདུན་པ་ཚོས་བོད་ལྗོངས་ནི་གནའ་སྔ་མོ་ནས་རླབས་ཆེའི་མེས་རྒྱལ་གྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་ནས།  བོད་རྒྱུད་ནང་བསྟན་གྱི་དྲིན་ཚོར་དྲིན་འཇལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་དང་བླ་མ་སྐྱེས་ཆེན་དམ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་ན་མེད་པའི་སྤྱོད་བཟང་ལ་སློབ་སྦྱོང་བྱས་ཏེ།  རང་རྟོག་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་།  མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ནས་ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་དགེ་འདུན་པ་བཟང་པོ་ཞིག་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།  
ཤེས་རྟོགས་བྱུང་བར་གཞིགས་ན།  ལྷོ་ཁ་གྲོང་ཁྱེར་ཆོས་ལུགས་ཁྱབ་ཁོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པ་དེ་མིན་གྱི་རྫོང་དང་ཆུས་དགུ་ལ་མུ་མཐུད་ཟབ་བསྐྱོད་བྱས་ནས་སྐོར་བསྐྱོད་སྒྲོག་འགྲེལ་བྱེད་རྒྱུ་རེད།  



ཀྲུང་གོ་བོད་ཀྱི་དྲ་བ།

http://www.tibet3.cn/news/tibet/xz/2017-06-28/20491.html


上一篇:མཚོ་སྔོན་ཞིང་ཆེན་གྱིས་བོད་ལུག་ཕན་ལྡན་གསོ་སྤེལ་ལག་རྩལ་གྱི་ཡུལ་དངོས་ལྟ་སྦྱོང་གྲོས་ཚོགས་བསྡུས།

下一篇:སྔོན་དཔག་བྱས་ན་ལོ་མཇུག་ཏུ་གཞིས་ཀ་རྩེའི་ཆོས་ལུགས་ཁྱབ་ཁོངས་ཀྱི་བསྐྱར་བསྐྲུན་ལས་འགན༨༠%ལེགས་འགྲུབ་འབྱུང་རྒྱུ་རེད།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783885 位访客