སྔོན་དཔག་བྱས་ན་ལོ་མཇུག་ཏུ་གཞིས་ཀ་རྩེའི་ཆོས་ལུགས་ཁྱབ་ཁོངས་ཀྱི་བསྐྱར་བསྐྲུན་ལས་འགན༨༠%ལེགས་འགྲུབ་འབྱུང་རྒྱུ་རེད།

发布时间:2017-06-28 03:37:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གཞུང་གི་བསྡུས་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  གཞིས་ཀ་རྩེ་གྲོང་ཁྱེར་ཆོས་ལུགས་ཁྱབ་ཁོངས་སུ་གནོད་ཐེབས་རྗེས་ཀྱི་བསྐྱར་བསྐྲུན་བྱ་བ་གོ་རིམ་དང་ལྡན་པའི་ངང་སྤེལ་བཞིན་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། “༤·༢༥”ས་འགུལ་ཁྲོད།  གཞིས་ཀ་རྩེ་གྲོང་ཁྱེར་ཏུ་བསྡོམས་པས་ཆོས་ལུགས་བྱ་འགུལ་སྤེལ་གནས༢༢༠ལྷག་ལ་གཏོར་བརླག་ཐེབས་ཡོད་ལ།  འདུ་ཁང་དང་། གྲྭ་ཤག དགོན་པ་དང་ལྷ་ཁང་གི་འཛུགས་སྐྲུན་ལ་གཏོར་བརླག་བྱས་པ་བསྡོམས་པས་ཁང་བ༨༩༧ཡོད། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་ཞིབ་དཔྱད་བྱས་པ་བརྒྱུད།  དེའི་ཁྲོད་རྒྱལ་ཁབ་རིམ་པ་དང་།རང་སྐྱོང་ལྗོངས་རིམ་པའི་རིག་རྫས་སྲུང་སྐྱོབ་སྡེ་ཚན་གྱི་ཆོས་ལུགས་བྱ་འགུལ་སྤེལ་གནས༥༩གྲོང་ཁྱེར་རིག་རྫས་སྡེ་ཁག་གིས་བསྐྱར་བསྐྲུན་བྱ་རྒྱུ་རེད་ལ། རྫོང་རིམ་པའི་གཙོ་གནད་ཆོས་ལུགས་བྱ་འགུལ་སྤེལ་གནས84མི་རིགས་ཆོས་ལུགས་ལས་དོན་དོ་དམ་ལས་ཁུངས་ཀྱིས་བསྐྱར་བསྐྲུན་དང་འཆར་གཞི་འགོད་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་དོ་དམ་ཅུའུ་ཡིས་རྫོང་སོ་སོར་བསྐྱར་བསྐྲུན་ལས་དོན་ཚོ་ཆུང་འཛུགས་རྒྱུ་དང་།《གནོད་ཐེབས་རྗེས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་བསྐྱར་བསྐྲུན་བྱ་བའི་མ་དངུལ་དོ་དམ་བཀོད་སྤྱོད་བྱེད་ཐབས》བཟོ་དགོས་པའི་རེ་བ་བཏོན་ལ ། སྒྲིག་ཁྲིམས་ཁག་ནན་མོས་ལག་བསྟར་བྱེད་པ་དང་། རང་འགུལ་ངང་མང་ཚོགས་དང་དད་མོས་པའི་ལྟ་སྐུལ་དང་ལེན་བྱེད་པ།  མ་དངུལ་བཀོད་སྤྱོད་སྤྱི་བསྒྲགས་གསལ་ཐག་ཆོད་པ་དང་། ཆེད་དངུལ་ཆེད་སྤྱོད།  མ་དངུལ་བཀོད་སྤྱོད་ཀྱི་གནས་ཚུལ་ལ་རྗེས་སྙེག་རྒྱུས་ལོན་བྱེད་པ།  མ་དངུལ་སྙོམ་སྒྲིག་གིས་བཀོད་སྤྱོད་བྱེད་པ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་རྩ་བ་ནས་གཏན་འགོག་བྱེད་པ།  དེ་མིན། དགོན་སྡེ་སོ་སོའི《རིག་རྫས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས》སོགས་ཀྱི་འབྲེལ་ཡོད་རེ་བ་ལྟར་ནན་མོར་ཨར་ལས་བྱེད་པ་དང་། རྒྱས་བསྐྲུན་བྱས་མི་ཆོག་ལ། སྔ་མའི་འཛུགས་སྐྲུན་གྱི་ཚད་གཞི་ལས་བརྒལ་མི་ཆོག་པ་སོགས་ཀྱི་རེ་བ་ནན་མོ་བཏོན་ཡོད། །


上一篇:ལྷོ་ཁ་གྲོང་ཁྱེར་གྱིས་ཆོས་ལུགས་ཁྱབ་ཁོངས་སུ་མཐུན་སྒྲིལ་ལ་སྣང་ཆེན་བྱས་ནས་མེས་རྒྱལ་ལ་དགའ་ཞེན་གྱི་སྐོར་བསྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

下一篇:༢༠༡༧ལོའི་ཡུལ་ཤུལ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་བརྡ་སྦྱོར།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1869013 位访客