ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ལྗང་མདོག་གི་འཚོ་བ་སྐྱེལ་རྒྱུའི་སྣེ་ཁྲིད་བྱས་པ།

发布时间:2017-06-29 04:56:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐེངས༤༦པའི“འཛམ་གླིང་ཁོར་ཡུག་ཉིན་མོ”དང“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”ཀྲུང་གོའི་བརྗོད་དོན་གཙོ་བོ་དང་ཏན་ཏིག་འཚམ་ཆེད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གྲོང(གྲོང་ལྷན)སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་དོན་དངོས་ལ་གཞིགས་ནས་ཁོར་ཡུག་སྲུང་སྐྱོང་ནང་དོན་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་པ་དང་། དེའི་དམིགས་ཡུལ་ནི་སྣོད་བཅུད་ཀུན་སྤྱོད་སྐྱེད་སྲིང་དང་། ལྗང་མདོག་འཚོ་བ་ལག་བསྟར། ཐཱན་ཉུང་འགྲོ་སྐྱོད་བཅས་བྱས་ནས། ཚང་མ་ཞུགས་པ་དང་། ཚང་མས་བྱ་སྤྱོད་སྤེལ་བ། ཚང་མས་འབད་འཐབ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ་དེ་རེད།

དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། ལྷ་ས་གྲོང་ཁྱེར་གྱི་གྲོང(གྲོང་ལྷན)སྡོད་ལས་དོན་རུ་ཁག་ཁག་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་སྦྱར་ཡིག་འགལ་བ་དང་། དྲིལ་བསྒྲགས་བརྡ་སྦྱོར་སྦྱར་བ། དཔེ་མཚོན་གྱོད་དཔེ་དྲངས་པ་སོགས་སྟབས་བསྟུན་སྣ་མང་གི་བྱ་ཐབས་སྤྱད་ནས་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ལ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱས་ནས་རང་འགུལ་ངང་ལྗང་མདོག་འཚོ་བ་སྐྱེལ་རྒྱུར་སྐུལ་ལྕག་བྱས་པ་རེད། མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་གཏེར་སྒྲོམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་མངགས་གཏོང་བྱས)གིས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་མ་ལམ་གཙོ་བོའི་ལམ་རྒྱུད་ཀྱི་གཙོ་གནད་ས་ཁོངས་དང་མངོན་གསལ་དོད་སར་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སྦྱར་ཚིག་བྱང་བུ༡༠བཙུགས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སྦྱར་ཡིག་2བཀལ་བ། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཞྭ་མོ༡༠༠སྤྲད་པ་རེད།

མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་བྱས་པ། ལྷ་སའི་གྲོང(གྲོང་ལྷན)སྡོད་ལས་དོན་རུ་ཁག་ཁག་གིས་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་གྱི་མི་སྣ་སྒྲིག་འཛུགས་བྱས་ཏེ་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ནས་འཚོ་བའི་ཁོར་ཡུག་ཐུན་མོང་ཐོག་ལེགས་སུ་བཏང་ཡོད། སྟོད་ལུང་བདེ་ཆེན་ཆུས་དམར་ཤང་དམར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ལྷ་ས་གྲོང་ཨུད་རྩ་འཛུགས་པུས་མངགས་གཏོང་བྱས)གིས་ཏང་ཡོན་དང་མང་ཚོགས༦༠ལྷག་ཙམ་སྒྲིག་འཛུགས་བྱས་ནས“སྣོད་བཅུད་སྲུང་དམག་བྱེད་རྒྱུ་བརྩོན་ལེན་དང་ཞི་མཐུན་ཁྱིམ་གཞིས་མཉམ་དུ་བསྐྲུན་པ”ཞེས་པའི་བརྗོད་དོན་གཙོ་བོའི་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་བཅོས་སྒྲིག་བྱེད་སྒོ་སྤེལ་བ། སྙེ་མོ་རྫོང་སྙེ་མོ་ཤང་ཉི་རོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་མངགས་གཏོང་བྱས)གིས་ཁོར་ཡུག་འཕྲོད་བསྟེན་གྱི་གཙང་འཕྱགས་བྱེད་སྒོ་སྤེལ་བ་རེད།  །


上一篇:༢༠༡༧ལོའི་ཡུལ་ཤུལ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་བརྡ་སྦྱོར།

下一篇:དགའ་ལྡན་ཁྲི་ཐོག་བཅུ་པ་འདན་མ་ཡེ་ཤེས་བཟང་པོ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783988 位访客