མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་

发布时间:2017-06-30 02:45:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུས་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་མཛུབ་སྟོན་བྱས་འོག  “འདུ་ཤེས་བཞི”སྔར་ལས་བརྟན་པོའི་སྒོ་ནས་ཏང་ཀྲུང་དབྱང་དང་གྲལ་མཉམ་དང་། ཞི་ཅིན་ཕེན་དང་གྲལ་མཉམ་བྱས་ཏེ།  བྱ་བ་སྒྲུབ་ཤུགས་སྔར་ལས་ཆེ་རུ་བཏང་ནས་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དང་བྱ་བའི་མི་འདང་ས་ཁ་གསབ་བྱེད་པ།འཛེར་མ་རྡེབ་པའི་སྙིང་སྟོབས་ཀྱིས་དངོས་སྒྲུབ་དཀའ་སྒྲུབ་བྱས་ཏེ་དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཐབས་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དེ་མཐོ་སྡོད་གཤམ་གནོན་དང་། མཁྱེན་རྒྱ་ཡངས་ཤིང་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ལྡན་ལ།བསམ་བློ་གཏིང་ཟབ་པོ་ཡིན་པས། དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཁ་ཕྱོགས་གསལ་པོར་བསྟན་ལ་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐུ་དངོས་སུ་དབུལ་སྐྱོར་བྱ་བ་འཛིན་པ་དེས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཚོན་གང་ཐུབ་བྱས་པ་དང་། ང་ཚོར་སློབ་གསོ་བཏང་བ་ལས་ད་དུང་མི་འདང་ས་ཤེས་སུ་བཅུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དབུལ་ཐར་འགག་སྒྲོལ་གྱི་དཀའ་ཚེགས་ཆེ་བའི་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དེས་གཙོ་སྒྲུབ་དངོས་རྩོད་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་སྨྲ་བ་དང་བརྟག་ཐབས་སྨྲ་བ་མཚོན་ཐབས་གང་ལེགས་བྱས། ང་ཚོའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ལ།  ཀླད་པ་སྔར་ལས་ཀྱང་གསལ་པོར་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མགོ་ཁྲིད་ལས་བྱེད་པས་དབུལ་ཐར་འགག་སྒྲོལ་བྱ་བའི་སྤྱོད་ཚུལ་དང་ནུས་པར་འཛིན་དགོས་པའི་སྐོར་ནས་གནང་བའི་བླང་བྱ་དེ། ལས་བྱེད་པ་བཟང་པོའི“ཚད་གཞི་ལྔ”མཚོན་ཏེ། ང་ཚོས་ཁྲིད་ཕྱོགས་གསལ་པོར་ཤེས་ལ་མིག་དཔེ་ཅི་ཡིན་པ་ཤེས་སོང་།  ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མྱུར་དུ་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་ཅིང་། ལག་ལེན་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དངོས་གནས་ཇེ་མཐོར་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་ཡང་དག་པའི་ཁ་ཕྱོགས་ཚོད་འཛིན་གནད་ཁེལ་བྱེད་པ། “འདུ་ཤེས་བཞི”དེ་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་ཞིང་སློབ་སྦྱོང་ལས་ཐོབ་པའི་གྲུབ་འབྲས་དེ་བྱ་བའི་ཕན་ཁེར་བསྒྱུར་ཏེ། རང་ཞིང་གི་དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱ་བར་སྐུལ་འདེད་ཅི་ཐུབ་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། རང་ཞིང་གི་དབུལ་ཕོངས་རྒྱ་ཁྱོན་ཆེ་ལ་དབུལ་ཕོངས་གནས་ཚུལ་ཚབས་ཆེན་ཡིན་པས། དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱ་བ་སྒྲུབ་པའི་ལས་འགན་ནི་ཧ་ཅང་ལྕི། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངག་བཅོལ་ཡིད་ལ་དམ་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་གཉིས་ཟུང་འབྲེལ་བྱས་འོག  དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱ་བའི་དཀའ་ཚེགས་ཆེ་བའི་རང་བཞིན་དང་གལ་ཆེན་རང་བཞིན།ཛ་དྲག་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ།དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱ་བ་སེམས་སུ་འཛིན་པ་དང་ཕྲག་ཏུ་འཁུར་བ་དང་བྱ་སྤྱོད་སྟེང་དངོས་འབེབས་བྱེད་དགོས། དབུལ་ཕོངས་དབུལ་ནག་ས་ཁུལ་ལ་རྒྱབ་སྐྱོར་དང་བྱ་བ་སྒྲུབ་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་བྱེད་ཅིང་། གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་བརྩི་བ་འབུར་དུ་བཏོད་དེ། ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། དམིགས་ས་ཡོད་པའི་སྒོ་ནས་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། སྟོབས་ཤུགས་དང་མ་དངུལ་གཅིག་ཏུ་བསྡུས་ནས་འགག་སྒྲོལ་བྱ་བར་ནུས་ཤུགས་འདོན་དགོས། ཡུན་རིང་གི་འཕེལ་རྒྱས་ལ་ལྟ་རྟོག་བྱས་ཏེ་མིག་སྔའི་གནད་དོན་ཐག་གཅོད་དགོས་ལ། ད་དུང་དབུལ་སྐྱོར་བྱེད་ཐབས་ཀྱི་རྒྱུན་འཁྱོངས་རང་བཞིན་ལའང་དོ་སྣང་བྱེད་དགོས།རིགས་དབྱེ་ནས་མཛུབ་སྟོན་བྱེད་པར་རྒྱུན་འཁྱོངས་བྱས་ཏེ་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཤེས་རབ་དང་སྙིང་སྟོབས་རོགས་སྐྱོར་གཉིས་ཟུང་འབྲེལ་བྱེད་རྒྱུར་དོ་སྣང་བྱས་ཏེ། དངོས་གནས་མི་དང་ཁྱིམ་ཚང་ལྟར་བྱེད་ཐབས་གཏན་འཁེལ་བྱེད་ཅིང་ཏན་ཏན་ཏིག་ཏིག་གི་བྱ་བའི་སྤྱོད་ཚུལ་སྤྱད་དེ་དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱ་བ་སྒྲུབ་པ་དང་།  2020ལོར་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་དང་། རང་ཞིང་གི་དབུལ་ཕོངས་དབུལ་ནག་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། དབུལ་ཐར་འགག་སྒྲོལ་དེ“ལྔ་བཅུ་གསུམ”སྐབས་ཀྱི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་དང་དམངས་འཚོའི་བཟོ་འགོད་ཆེས་གཙོ་བོར་བརྩིས་ནས་འཛིན་དགོས་ཤིང་།མི་ལས་རྐང་དུ་ཡོད་པ་དང་། འགན་འཁྲི་དངོས་འབེབས། བྱ་བ་དོན་འཁྱོལ།ཕན་འབྲས་ལེན་ཐབས་བཅས་བྱས་ཏེ། བླང་བྱ་ནན་མོ་དེ་དབུལ་ཐར་འགག་སྒྲོལ་བྱ་བའི་ཐོག་མཐའ་བར་གསུམ་དུ་དངོས་འབེབས་བྱེད་དགོས།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་གོང་གིས་འོག་ལ་མིག་དཔེ་སྟོན་པ་རྒྱུན་འཁྱོངས་བྱས་ཏེ། དངོས་སུ་འཛིན་པ་དང་སྣེ་ཁྲིད་དེ་འཛིན་པ།  བརྩེ་སེམས་ཡོད་ཅིང་འགན་འཁྲི་འཁུར་བ། གནད་དོན་ཤེས་པ་བཅས་ཀྱི་སྒོ་ནས་དབུལ་ཕོངས་གནས་ཚུལ་ཚབས་ཆེན་ཡིན་པའི་དབུལ་ཕོངས་རྫོང་དུ་སོང་ནས་བྱ་བ་བརྟག་ཞིབ་དང་མཛུབ་སྟོན་བྱེད་པ་དང་། གནས་ཚུལ་གསལ་པོར་ཤེས་ཤིང་གནད་དོན་བཙལ་ནས་རྙེད་པ། རྒྱུ་མཚན་དབྱེ་ཞིབ་གསལ་པོ་བྱེད་ཅིང་བྱེད་ཐབས་ཞིབ་འཇུག་ནན་ཏན་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རིམ་པ་ལྟར་གནོན་ཤུགས་བྱིན་ཏེ་བྱ་བའི་སྒྲིག་ཁྲིམས་གཟབ་ནན་དང་།ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག འགན་འཁྲི་དངོས་འབེབས་ནན་ཏན་བཅས་བྱེད་དགོས་པ་དང་། ལམ་ལུགས་ལག་བསྟར་བྱས་ཚུལ་ནན་ཏན་མིན་པ་དང་། ལས་འགན་སྒྲུབ་ཚུལ་མི་བཟང་ཚེ་དུས་ཐོག་ཏུ་འགན་འཁྲི་རྩད་གཅོད་བྱེད་པ་ལས། གཏན་ནས་གུ་ཡངས་མི་བྱེད། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་ཤིང་། ཞིང་སྡེའི་ཏང་ཀྲི་པུའུ་ཡི་བཙན་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་ཐབས་བྱེད་དགོས། །


上一篇:ཀུན་བཟང་བླ་མའི་ཞལ་ལུང་ལས་ཐར་བའི་ཕན་ཡོན་དང་བཤེས་གཉེན་བསྟེན་པ།

下一篇:བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་བརྒྱུད་འཛིན་སྲུང་སྐྱོབ་རྣམ་པ་བཟང་པོ་མངོན།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783974 位访客