བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་བརྒྱུད་འཛིན་སྲུང་སྐྱོབ་རྣམ་པ་བཟང་པོ་མངོན།

发布时间:2017-06-30 02:54:24

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ནི་གང་སར་སྐད་གྲགས་ཆེ་བའི་སྣམ་བུའི་ཤང་ཞིག་ཡིན་ལ།  བོད་ལྗོངས་ཀྱི་ཕྱུགས་ཟོག་སྤུ་གྲུབ་དངོས་རྫས་ལས་སྣོན་གྱི་འབྱུང་གནས་ཤིག་ཀྱང་ཡིན།  ས་གནས་དེ་གའི་པང་གདན་ཐོན་ལས་ལ་ལོ༥༠༠ཡི་ལོ་རྒྱུས་ལྡན་ཡོད།  སྤྱི་ལོ༢༠༠༦ལོར་ལྕེ་བདེ་ཞོལ་གྱི་པང་གདན་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་མིང་མཐོའི་ནང་ཚུད་པ་རེད།  

རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་འཁོད་པའི་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་ཤར་པ་བའི་བྲོ་གཞས།

དིང་རིའི་ནོར་གཞས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་དམངས་ཁྲོད་བྲོ་གཞས་ཀྱི་གཙོ་བོའི་རྣམ་པ་ཞིག་ཡིན།  དེ་ཡང་དིང་རིའི་ནོར་གཞས་ནི་གཞས་དང་བྲོ།  རོལ་དབྱངས་གསུམ་གཅིག་ཏུ་སྒྲིལ་བ་དང་གཙོ་བོར་སྒྲ་སྙན་གྱི་རམ་དཀྲོལ་ལ་བརྟེན་དགོས་པ་དང་།  གང་དེའི་རོལ་དབྱངས་ལ་བཅོས་མིན་དང་བབ་ཆགས།  འཚོ་བའི་དྲི་རོ་ཆེས་ཆེར་ལྡན་པས་མང་ཚོགས་ཞུགས་དགའ་ཆེ་བའི་དམངས་ཁྲོད་ཀྱི་བྲོ་གཞས་ཤིག་ཡིན།  དིང་རིའི་ནོར་གཞས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཁག་གཉིས་པའི་མིང་ཐོར་ཚུད་ཡོད། །


上一篇:མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་

下一篇:གདོད་མའི་རྣམ་པའི་བོད་མི་རིགས་ཀྱི་རོལ་དབྱངས་ཀྱི་གྲངས་གཞིའི་མཛོད་ཐོག་མ་དེ་བཙུགས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783955 位访客