༄༅། །ལོ་ཙྰ་བ་རིན་ཆེན་བཟང་པོ།

发布时间:2017-07-05 10:48:12

འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། འཕགས་པ་མྱ་ངན་ལས་འདས་པའི་མདོ་ཆུང་བ་ཤློ་ཀ་དྲུག་ཅུའི་ཚད་ཙམ་པ། འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བའི་མདོ། མདོ་སྡེ་མངོན་པར་འབྱུང་བ། །སྔགས་ཕྱོགས་སྐོར་ལས། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ལེའུ་བཅུ་བཞི་བ ། རིན་ཆེན་་བཟང་པོས་བསྒྱུར་པ་ལ་ཤོང་བློ་གྲོས་བརྟན་པས་བཅོས་པ། རྩ་རྒྱུད་མངོན་བརྗོད་ལེའུ་འབུམ་ཕྲག་གསུམ་པ་ལས་བསྡུས་པའི་ལེའུ་འབུམ་པ། དེ་ལས་བསྡུས་པ་བདེ་མཆོག་ཉུང་ངུའི་རྒྱུད་ཡིན་ཏེ། འདི་ལ་ལེའུ་ལྔ་བཅུ་རྩ་གཅིག ཤློ་ཀ་སྟོང་བདུན་བརྒྱ་བ། རིན་ཆེན་བཟང་པོས་བསྒྱུར་པ་ལ། སྒྲ་བསྒྱུར་དགེ་སློང་པྲ་ཛྙྰ་ཀིརྟི་དང་མར་བ་ཆོས་ཀྱི་དབང་ཕྱུག་གིས་ཡུལ་དབུས་ཀྱི་བླ་མ་ནྰ་རོ་པའི་ ཕྱག་དཔེ་དང་གཏུགས་ནས་དག་པར་བཅོས་པ། བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་ངེས་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་དྲུག་ཅུ་རྩ་དགུ་བ། རིན་ཆེན་བཟང་པོས་བསྒྱུར་ཅིང་། ལོ་ཙྰ་བ་ཁྱུང་གིས་ཆད་ལྷག་རྣམས་བསབས་ནས་ཞུས་པ། གསང་འདུས་ཀྱི་རྩ་རྒྱུད་ཆེན་མོ་ལ་ལྟོས་ནས་ཉུང་ངུའི་རྩ་བའི་རྒྱུད་དུ་གྲགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསུམ་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་ལ་ལེའུ་བཅུ་བདུན་དང་། དེའི་རྒྱུད་ཕྱི་མའི་ལེའུ་གཅིག་པ། གསང་འདུས་བཤད་རྒྱུད་དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གཉིས་པ་དང་། རྒྱུད་ཀྱི་རྒྱལ་པོ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལེའུ་བཅུ་བ། དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱི་རྒྱུད་ལ། དཔལ་ཟླ་བཟང་ཐིག་ལེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་རྒྱས་པ་མཆོག་ཏུ་གསང་བའི་རྒྱུད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་རྩ་བའི་རྒྱུད་དུམ་བུ་བཞི་རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་རྒྱུད་ཉེ་བར་བསྡུ་བ་དང་བཅས་པ་བམ་པོ་དགུ་ལྷག་པ། ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོགས་པའི་རྒྱལ་པོ་ལས་དུམ་བུ་དང་པོ་ཤེར་ཕྱིན་གྱི་དུམ་བུ། ལག་ན་རྡོ་རྗེས་གོས་སྔོན་པོ་ཅན་འཇིག་རྟེན་གསུམ་འདུལ་གྱི་རྒྱུད་ལེའུ་ལྔ་བ།   །

བསྟན་འགྱུར་ལས་། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆར་བཤད་པ་སློབ་དཔོན་ཤེས་བ་གོ་ཆས་མཛད་པ།   ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས་བར་སྐབས་སུ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་འགྲེལ་བ་རྒྱ་དཔེ་མ་རྙེད་ནས་དུ་ས་ཕྱིས་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས་དཔལ་ས་སྐྱའི་དགོན་པར་སྦྱར་བ་དང་།  ཐམས་ཅད་མཁྱེན་པའི་དབང་ཕྱུག་ཆེན་མོའི་བསྟོད་པ་ཞེས་བྱ་བ་བྲམ་ཟེའི་དགེ་བསྙེན་མཐོ་བཙུན་གྲུབ་རྗེས་མཛད་པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། སྐུ་གསུམ་ལ་བསྟོད་པ་ཞེས་བྱ་བའི་རྣམ་པར་འགྲེལ་བ། སངས་རྒྱས་བཅོམ་ལྡན་འདས་ལ་བསྔགས་པར་འོས་པ་བསྔགས་པ་ཞེས་བྱ་བ་ལེའུ་བཅུ་གསུམ་པ། སངས་རྒྱ་ས་མྱ་ངན་ལས་འདས་པ་ལ་བསྟོད་པ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པ། བཤགས་པའི་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ། མཛད་པ་པོ་མི་གསལ། བཤགས་པའི་བསྟོད་པའི་འགྲེལ་བ་སློབ་དཔོན་སངས་རྒྱས་ཞི་བས་མཛད་པ། སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ། དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ་དང་། དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ། འདི་གཉིས་མཛད་པོ་མི་གསལ། དཔལ་འཁོར་ལོ་སྡོམ་ པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་སྐལ་ལྡན་གྲགས་པས་མཛད་པ། དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་པ་ཞེས་བྱ་བ་ཡུལ་བྷངྒ་ལའི་སློབ་དཔོན་བསོད་སྙོམས་པ་དངོས་གྲུབ་བརྙེས་པ་རྣམ་འབྱོར་ཀྱི་དབང་ཕྱུག་ལྰུ་ཡི་པས་མཛད་པ། ཞུ་ཆེན་གྱི་ལོ་ཙྰ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ལ། སླད་ཀྱི་བོད་ཀྱི་ལོ་ཙྰ་བ་འགོས་ལྷས་བཙས་ཀྱིས་ཡུལ་ཤར་ཕྱོགས་ཀྱི་དཔེ་དང་བསྟུན་ཏེ་བཅོས་པ།    དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བའི་སྒྲུབ་ཐབས་ཤློ་ཀ་བརྒྱ་ཉི་ཤུ་རྩ་བརྒྱད་པ་དང་། བཅོམ་ལྡན་འདས་དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་ནག་པོས་མཛད་པ། ལོ་ཙྰ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། སླད་ཀྱིས་ལོ་ཙྰ་བ་འགོས་ལྷས་བཙས་ཀྱི་འགྱུར། ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང་། དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འཕགས་པ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་གྱི་གཏོར་མའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། འདི་ནི་ཐོ་ལིང་གི་གཙུག་ལག་ཁང་དུ་བསྒྱུར། བརྟན་པའི་འཁོར་ལོའི་ཆོ་ག མཛད་པ་པོ་མི་གསལ། ཞིག་ལྷུན་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕམ་བཤེས་གཉེན་གྱིས་མཛད་པ། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་ཁརྶ་པ་ཎི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས།   ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། འཇམ་པའི་དབྱངས་ཀྱི་རྒྱལ་བོ་ཆེན་པོ་སྒེག་སྒེག་པའི་སྒྲུབ་ཐབས། འཕགས་པ་གཤིན་རྗེའི་གཤེད་ཀྱི་སྒྲུབ་ཐབས། ལྷ་མོ་ནོར་སྦྱིན་མའི་སྒྲུབ་ཐབས། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས། གནོན་གནས་ཀྱི་སྒྲུབ་ཐབས། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས།   ཡང་ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ཀུན་དགའི་སྙིང་པོས་མཛད་པ། དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ་སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་མཛད་པ། གསང་སྔགས་ཀྱི་ཚུལ་གྱི་སྣང་བ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་ཆེན་པོ་མཐོ་བཙུན་ཙོ་ཡག་གིས་མཛད་པ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་སློབ་དཔོན་ཆོས་ཀྱི་དབང་བོས་མཛད་པ། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཞ་བ་འཚོས་མཛད་པ། ཞུ་ཆེན་གྱི་ལོ་ཙྰ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། སླད་ཀྱིས་ལོ་ཙྰ་བ་འབྲོ་ཤྰཀྱ་འོད་ཀྱིས་ཚད་མའི་སྐབས་བཅོས་ཤིང་གཏན་ལ་ཕབ་པ། ཚུལ་གསུམ་གྱི་སྒྲོལ་མ་སློབ་དཔོན་ཆེན་པོ་མཐོ་བཙུན་ཏྲི་པི་ཊ་ཀ་མ་ལས་མཛད་པ། དམ་ཚིག་དང་སྡོམ་པ་ལ་སོགས་པའི་རྣམ་གཞག་གི་སྐོར་ལ། བླ་མ་ལྔ་བཅུ་བ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། རྣམ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་བསྡུས་པ་སློབ་དཔོན་ཤྲངྔྷྰ་ཀ་ར་ཝརྨས་མཛད་པ། ཀླུ་གཏོར་གྱི་ཆོ་ག་སྒྲོལ་མའི་ཞབས་རྡུལ་ལ་རེག་པའི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཆ་གསུམ་འབྲིང་བོའི་ཆོ་ག་ནོར་བུ་གླིང་བ་བདེ་བའི་རྡོ་རྗེའི་གདམས་ངག་ལ་བརྟེན་ནས་པནྜི་ཏ་ཤྲངྔྷྰ་ཀ་ར་ཝརྨས་ཉེ་བར་སྦྱར་བ། ཆུ་གཏོར་གྱི་ཆོ་ག་འཇམ་དཔག་མའི་འགྲེལ་བ་ཕྱག་རྒྱ་ཆེན་པོའི་རྣམ་འབྱོར་ལ་འཇུག་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཤྰཀྱ་མི་ཏྲས་མཛད་པ།  འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ་མངོན ་བར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ་མཁས་པ་ཆེན་པོ་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པ་ཤློོ་ཀ་སྟོང་ཕྲག་བརྒྱད་པ། སྒྲ་སྒྱུར་གྱི་ལོ་ཙྰ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ནས། སླད་ཀྱི་ཞུ་ཆེན་གྱི་ལོ་ཙྰ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ནས་བཅོས་པ། དེ་ཕྱིས་ལོ་ཙྰ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་བ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བའི་འགྲེལ་བཤད་སློབ་དཔོན་གསེར་གླིང་བ་ཆོས་ཀྱི་གྲགས་པས་མཛད།   བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ འི་དོན་བསྡུས་པའི་ཚིགས་སུ་བཅད་པ་དགུ་པ་སློབ་དཔོན་ཆེན་པོ་ཀམྤ་ལའི་ཞལ་སྔ་་ནས་མཛད་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པའི་ཚིགས་སུ་བཅད་པ་དགུ་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་ཀམྤ་ལའི་ཞལ་སྔ་ནས་མཛད་པ། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་དང་། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་བསྒོམ་པའི་མན་ངག་པདྨ་སྤྲུངས་པ་ཞེས་བྱ་བ་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་དཔལ་མཁས་པ་ཆེན་པོ་རྟ་དབྱངས་ཀྱི་ཞལ་སྔ་ནས་མཛད་པ། ཕ་རོལ་ཏུ་ཕྱིན་པའི་ཐེགས་པ་བསྒོམ་པའི་རིམ་པའི་མན་ངག་སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པས་མཛད་པ། བསམ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པ་སློབ་དཔོན་ཆེན་མོ་ཨ་ཝ་ངྔྷྰུ་ཏྲི་པས་མཛད་པ། བསམ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པའི་འགྲེལ་བ་སློབ་དཔོན་དྰ་ན་ཤྰི་ལས་མཛད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་བ་སློབ་དཔོན་ཟླ་བ་གྲགས་པའི་མཛད་པ། བསམ་གཏན་གྱི་སྒྲོན་མ་ཞེས་བྱ་བའི་མན་ངག་རྣམ་འབྱོར་པ་མིག་གི་སྙིང་པོ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། རྣམ་འབྱོར་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་ཕྱོགས་གླིང་ཞལ་སྔ་ནས་མཛད་པ།   དེའི་དོན་འགྲེལ་རྣམ་འབྱོར་ལ་འཇུག་པའི་མན་ངག་སློབ་དཔོན་ཆོས་ཀྱི་དབང་བོས་མཛད་པ། སོ་སོར་ཐར་པའི་འགྲེལ་བ་མི་བརྗེད་པའི་དྲན་བྱེད་མཛད་བྱང་མེད་པ། ཀུ་ན་ལའི་རྟོགས་པ་བརྗོད་པ། འདུལ་བའི་སྡེ་སྣོད་ཀྱི་འཁོལ་དུ་གྱུར་པ་གསེར་མདོག་གི་རྟོགས་པ་བརྗོད་པ། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཚུལ་ཁྲིམས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་བ་སློབ་དཔོན་གསལ་གྲགས་ཀྱིས་མཛད་པ། ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། ཕྱིན་ཅི་ལོག་བཞི་སྤང་བའི་གཏམ་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་ལེགས་པའི་ལམ་བསྟན་པའི་གཏམ་སློབ་དཔོན་དཔའ་བོས་མཛད་པ་བམ་པོ་ཕྱེད་དང་གསུམ་པ།   འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ།   སློབ་དཔོན་ཀ་མ་ལ་ཤྰི་ལས་ལྷོ་ཟ་མོ་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ་དང་།  སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་བོད་རྗེ་འབངས་དང་བོད་བཙུན་རྣམས་ལ་བརྫངས་པའི་འཕྲིན་ཡིག སློབ་དཔོན་ཀ་མ་ལ་ཤྰི་ལས་མཛད་པའི་དད་བསྐྱེད་སྒྲོན་མ། སངས་རྒྱས་ཀྱི་ཡོན་ཏན་ཐོས་པའི་ཕན་ཡོན་སྟོན་པ་དཔེའི་ཕྲེང་བ་ལས་སངས་རྒྱས་མཆོག་གི་དཔེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་སྙིང་པོས་སྨན་པ་རྣམས་ལ་བརྫོངས་པ་སྨན་ཨ་བའི་ཆོ་ག སྨན་དཔྱད་ཡན་ལག་བརྒྱད་པའི་འགྲེལ་བ་ལས་བསྟན་པའི་སྨན་གྱི་མིང་གི་རྣམས་གྲངས་ཡན་ལག་བརྒྱད་པའི་སྙིང་བོའི་འགྲེལ་བ་མཛད་པའི་སློབ་དཔོན་ཟླ་བ་ལ་དགའ་བས་མཛད་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་སྨན་པའི་བདག་པོ་དགེ་འདུན་གསང་བ་ཞེས་བྱ་བའི་སྲས་སྨན་པ་ཆེན་པོ་སློབ་དཔོན་ཕ་གོལ་གྱིས་མཛད་པ། ཡན་ལག་བརྒྱད་པའི་སྙིང་པོ་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་་བ་ཆགས་པ་ལ་དགའ་བའི་བུ་སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བ་ཚེའི་རིག་བྱེད་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་པས་མཛད་པ།   དྲང་སྲོང་ཆེན་པོ་ཤ་ལི་ཧོ་ཏྲས་ཡང་དག་པས་བསྡུས་པའི་རྟའི་ཚེའི་རིག་བྱེད་མཐའ་དག་རྗེས་སུ་བསྟན་པ་ཞེས་བྱ་བ་རྒྱས་པ། དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་རྒྱལ་པོ་ཆེན་པོ་སྙན་དངགས་མཁན་གྱི་དམ་པ་སློབ་་དཔོན་དོན་ཡོད་འཆར་གྱིས་མཛད་པ། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་པ་རྒྱས་པ་སློབ་དཔོན་བྷུ་རི་པས་མཛད་པ། དཔལ་རྡོ་རྗེ་རྣམ་འབྱོར་མ་མཁའ་སྤྱོད་དཀར་མོའི་བསྟོད་པ་བཎྡི་ཏ་དྰི་པཾ་ཀ་རས་མཛད་པ། མཆན་ཁུང་གི་སྦྱོར་བ་སློབ་དཔོན་ཀླུ་སྒྲུབ་གྱིས་མཛད་པ། རྣམ་འབྱོེར་ཀྱི་རྒྱུད་དཔལ་གདན་བཞིའི་སྒྲུབ་པའི་ཐབས་སློབ་དཔོན་ཨརྱ་དེ་བས་མཛད་པ། མ་ཧྰ་མྰ་ཡྰའི་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་སློབ་དཔོན་ཆེན་པོ་ཀུ་ཀུ་རི་པས་ཞལ་གཟིགས་པས་ཚེ་བསྟོད་པ། 

 

         དེ་ཁོ་ན་ཉིད་ཀྱི་མན་ངག་དང་། དེ་ཁོ་ན་ཉིད་ཀྱི་མན་ངག་དང་འགྲེལ་བ་སློབ་དཔོན་བློ་བཟང་སྙིང་པོས་མཛད་པ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀའ་འགྲེལ་སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ། འཆི་བ་བླུ་བའི་མན་ངག་ཅེས་བྱ་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། ཤློ་ཀ་སུམ་བརྒྱ་དྲུག་ཅུ་བ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་སློབ་དཔོན་་ཆེན་པོ་ནྰ་གྰ་ཛུ་ནའི་མན་ངག་ལ་བརྟེན་ཏེ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་བ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། རྡོ་རྗེ་བཟླས་པའི་རྒྱ་ཆེར་བཤད་པ་ཞེས་བྱ་བ་དང་།ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་འབྱུང་བའི་རྒྱན་བདུན་རྣམ་པར་དགྲོལ་བ་དང་གཉིས་ཀ་སློབ་དཔོན་ཆེན་པོ་ཤྲ་ངྔྷྰ་ཀ་ར་ཝརྨའི་ཞབས་ཀྱིས་མཛད་པ། སྒྲུབ་པའི་ཐབས་མདོར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྣམ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་མདོ་དང་བསྲེ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ། སྒྱུ་ལུས་ཀྱི་དོན་འགྲེལ་བདག་བྱིན་གྱིས་བརླབས་པའི་རིམ་པ་ཞེས་བྱ་བ་རྣམ་པར་དབྱེ་བ། འོད་གསལ་གྱི་དོན་འགྲེལ་མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག་ཅེས་བྱ་བ། རོ་བསྲེག་པའི་ཆོ་ག་རྣམས་སློབ་དཔོན་འཕགས་པ་ལྷས་མཛད་པ། རིམ་པ་ལྔ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་ཆེན་པོ་ཨརྱ་དེ་བས་མཛད་པ། ཤློ་ཀ་སྟོང་སུམ་བརྒྱ་བའོ། ། བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ་རྣལ་འབྱོར་ཀྱི་དབང་ཕྱུག་མི་གནས་རྡོ་རྗེས་མཛད་པ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་མན་ངག་བདུད་རྩི་གསང་བ་སློབ་དཔོན་ཆེན་པོ་སྒྲ་དབྱངས་བཅུ་གཅིག་པས་མཛད་པ། སྦྱིན་སྲེག་གི་ཆོ་ག་དཔལ་ལྡན་རབ་འཇིགས་རྡོ་རྗེས་མཛད་པ། འདི་ལ་ཤློ་ཀ་བརྒྱ་བརྒྱད་ཅུ་རྩ་གསུམ་མོ། ། དད ་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ། མཛད་པ་པོ་མི་གསལ། དཔལ་གསང་བ་འདུས་པའི་འགྲེལ་བ་མན་ངག་གཏན་ལ་དབབ་པ་ཞེས་བྱ་བ་ལེའུ་བཅོ་བརྒྱད་པའི་ཕྱེད་ཀྱི་རྩ་བའི་རྒྱུད་རྫོགས་པའི་འགྲེལ་བ་སློབ་མ་ལ་ཕན་པ་ཞེས་ཀྱང་བྱ་བ་སློབ་དཔོན་རབ་ཏུ་ཞི་བའི་ཡེ་ཤེས་ཀྱིས་མཛད་པ། གསང་བ་འདུས་པའི་རྒྱུད་ཀྱི་མན་ངག་གི་རྒྱ་མཚོ་ཐིགས་པ་ཞེས་པ་ལེའུ་བཅོ་བརྒྱད་པའི་ཕྱེད་ཀྱི་རྩ་བའི་རྒྱུད་རྫོགས་པ་མན་ཆད་ཀྱི་འགྲེལ་བ་སློབ་དཔོན་བི་ཤྭ་ན་མི་ཏྲས་མཛད་པ། དཔལ་གསང་བ་འདུས་པའི་འགྲེལ་བ་སློབ་དཔོན་ཐ་མ་སློབ་དཔོན་ཐ་ག་ནས་མཛད་པ། ཞལ་གྱི་ལུང་ཆུང་བ་དཔལ་ལྡན་ཨོོ་རྒྱན་ཡུལ་ནས་བྱུང་བའི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྒྲུབ་ཐབས་ཀྱི་མན་ངག སྟང་སྟབས་ཀྱི་བཀོད་པ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་མཛད་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་བ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་མཛད་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་བ་སངས་རྒྱས་ཡེ་ཤེས་ཀྱི་་དངོས་སློབ་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བ་བཞིའི་ཡ་གྱལ་སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ། ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་ཟེའུ་འབྲུའི་རྡུལ་ལ་རེག་པ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ། ཀུན་ཏུ་བཟང་པོའི་སྒྲུབ་ཐབས་ཀྱི་འགྲེལ་བ་བྱང་ཕྱོགས་ཀྱི་དགེ་སློང་ཡོན་ཏན་འབྱུང་གནས་བཟང་པོའི་སློབ་མ་ཤྰི་ཕ་ལ་བཛྲས་མཛད་པ། དཔལ་ཀུན་ཏུ་བཟང་པོའི་སྒྲུབ་པའི་ཐབས་ཀྱི་འགྲེལ་བ་སློབ་དཔོན་མཁས་པ་ཆེན་པོ་ཐ་ག་ནས་མཛད་པ། དཔལ་གསང་བ་འདུས་བའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་བ༼བཞི་བརྒྱ་ལྔ་བཅུ་བའི་འགྲེལ་བ་ཡང་ཟེར༽སློབ་དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། དགའ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྒྱལ་བས་བྱིན་གྱིས་མཛད་པ། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲངས་པའི་དཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས་སློབ་དཔོན་དཔ ལ་རིན་ཆེན་རྡོ་རྗེས་མཛད་པ། ཀུན་ཏུ་བཟང་པོའི་བསྡུས་དོན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དཔལ་གདང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་ཐབས་དང་། དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་བསོད་སྙོམས་པས་མཛད་པ། གསང་འདུས་ཀྱི་དཀྱིལ་འཁོར་ལ་སྤྱན་རས་གཟིགས་གཙོ་བོར་སྟོན་པ་དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས། དཔལ་གསང་བ་འདུས་པའི་བསྟོད་པ་རྣམས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཁྲོ་བོ་བཅུའི་གཏོར་མའི་ཆོ་ག དབང་གཏན་ལ་དབབ་པ་སློབ་དཔོན་མཁས་པ་ཆེན་པོ་བསོད་སྙོམས་པ་དགེ་སློང་འོད་སྲུང་གཞོན་ནུས་མཛད་པ། རབ་ཏུ་གསལ་བ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་དཔེ་མེད་རྡོ་རྗེས་མཛད་པ། དཔལ་གསང་བ་འདུས་པའ་དཀའ་འགྲེལ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། ཞུ་ཆེན་གྱི་ལོ་ཙྰ་བ་རིན་ཆེན་བཟང་པོའི་འགྱུར་ལ།   སླད་ནས་ཨྰ་ཙྰརྱ་ཤྲ་ངྔྷྰ་ཀ་ར་ཝརྨའི་ཞུས་ཏེ་གཏན་ལ་ཕབ་པ། གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། ལྷ་མོ་འོད་འཛིན་མའི་བྱིན་བརླབས་པ་གྲུབ་ཐོབ་མཁས་པ་ཆེན་པོ་དཔལ་འཛིན་གྱིས་མཛད་པ། ལོ་ཙྰ་བ་རིན་ཆེན་བཟང་པོའི་འགྱུར་ལ། དུས་ཕྱིས་ལོ་ཙྰ་བ་དགེ་སློང་རྡོ་རྗེ་འཛིན་པ་ཞེ་སྡང་རྡོ་རྗེས་འགྱུར། སྔ་འགྱུར་ལ་འདི་ལས་ཚན་ཆེ་ཙམ་གདའོ་ཞེས་བུ་སྟོན་གྱིས་གསུངས་སོ། ། འོད་འཛིན་མའི་སྒྲུབ་ཐབས་ཏིང་འཛིན་ལ་མངའ་བརྙེས་པ་དཔལ་འཛིན་གྱིས་མཛད་པ། གཞུང་དེ་གཉིས་ལ་བརྟེན་ནས་སློབ་དཔོན་དེའི་སློབ་མ་རྒྱལ་པོ་ཨིནྡྲ་བྷྰུ་ཏིས་མཛད་པའི་ཡེ་ཤེས་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། ཞུ་ཆེན་གྱི་ལོ་ཙྰ་བ་དགེ་སློང་རིན་ཆེན་བཟང་བོས་བསྒྱུར་པ། སླད་ཀྱིས་ནག་ཚོས་ཀྱང་བཅོས་པའོ། ། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བསྡུས་པ་དང་། ལྟུང་བ་སྦོམ་པོ་བསྡུས་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། ལྟུང་བ་བཅོ་ལྔ་བ། ཡན་ལག་གི་ཉེས་པ་བདུན་པ། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་བརྒྱད་པ་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་ཤློོ་ཀ་སྟོང་ཕྲག་བཅུ་གཉིས་པ་མང་དུ་ཐོས་པའི་སློབ་དཔོན་ཤྰཀྱ་བཤེས་གཉེན་གྱིས་མཛད་པ། རྡོ་རྗེ་དབྱངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ཀྱི་རྣམ་པར་བཞག་པ་ཞེས་བྱ་བ་སློབ་དཔོན་མུ་དི་ཏ་ཀོ་ཥས་མཛད་པ། དཀྱིལ་འཁོར་གྱི་ཐིག་གདབ་པ་མདོར་བསྡུས་པ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པའི་མདོར་བསྡུས་པའི་འགྲེལ་བ་ཡུལ་ཁ་ཆེར་སྐྱེས་པའི་རྡོ་རྗེ་སློབ་དཔོན་ཤྰངྔྷྰ་ཀ་ར་ཝརྨས་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་ཤློ་ཀ་སྟོང་ཕྲག་བཅོ་བརྒྱད་ཡོད་པ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། དུམ་བུ་དང་པོ་ཡན་ཆད་ལ་ལོ་ཙྰ་བ་རིན་ཆེན་བཟང་པོའི་འགྱུར་ལ། མན་ཆད་ཞུ་ཆེན་གྱི་ལོ་ཙྰ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱི་འགྱུར།   ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུའི་འགྲེལ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་དུམ་བུ་དང་པོའི་ཕྱག་རྒྱ་བཤད་པ་ཞེས་བྱ་བ་ཤློ་ཀ་སྟོང་ཕྲག་ཉི་ཤུ་རྩ་བཞི་བ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད། སྨད་འགྲེལ་ལོ་ཙྰ་བ་རིན་ཆེ ན་བཟང་པོས་ཅི་རིགས་པར་བསྒྱུར་པ་ལ། གུ་གེའི་ཡུལ་དབུས་བྱང་ཆུབ་སེམས་དཔའི་ཐུགས་དམ་པའི་སྙིང་པོ་དཔལ་དཔེ་མེད་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་དུ་སྒྲ་སྒྱུར་གྱི་ལོ་ཙྰ་བ་ཆེན་པོ་བྱང་ཆུབ་སེམས་དཔའི་གདུང་བརྒྱུད་ལྷ་བླ་མ་དགེ་སློང་ཞི་བ་འོད་ཀྱིས་ཧོར་ཀྱིས་ཀོང་བསབས་ཏེ་ཡོངས་སུ་རྫོགས་པར་བརྒྱུར་པའོ།   ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་པ་སློབ་དཔོན་མཁས་པ་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། རྒྱུད་ཀྱི་རྒྱལ་བོ་སྒྱུ་འཕྲུལ་དྲ་བའི་དཀའ་འགྲེལ་སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ། རྡོ་རྗེ་དབྱངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ།   ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། གཞུང་ཚད་ཤློོ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་བ་རྩ་ལྔ་བ། དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་དང་། སྤྱན་དབྱེ་བའི་ཆོ་ག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ཆུང་བ་དང་། ཆེ་བ་གཉིས།   རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། སྤྱན་དབྱེ་བའི་ཆོ་ག་སློབ་དཔོན་པྲ་ཛྙྰ་ཝ་ལི་ཏས་མཛད་པ། ཐུགས་རྗེ་འབྱུང་བ་ཞེས་བྱ་བའི་བསྒོམ་པ་དང་བཟླས་པའི་ཆོ་ག་སློབ་དཔོན་རབ་འབྱོར་བསྐྱངས་ཀྱིས་མཛད་པ། མཚན་ཡང་དག་པར་བརྗོད་པའི་འགྲེལ་བ༼འགྲེལ་ཆུང་དུ་གྲགས༽སློབ་དཔོན་ཆེན་པོ་འཇམ་དཔལ་ཡེ་ཤེས་གཉེན་གྱིས་མཛད་པ།  འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པས་མཛད་པ། ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། དཔལ་ཐམས་ཅད་གསང་བའི་བཤད་སྦྱར་གསང་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ་གཙུག་དགུའི་གཞུང་དང་ཆ་འདྲ་བ།   དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་བོས་མཛད་ཟེར་བ། ངན་སོང་ཐམས་ཅད་ཡོངས་་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ་མདོ་དང་བསྲེས་ནས་སློབ་དཔོན་ཀུན་དགའ་སྙིང་བོས་མཛད་པ། གཙུག་ཏོར་དགུའི་རྒྱུད་ལ་བརྟེན་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། དེའི་དཀྱིལ་ཆོག་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པར་རྟོགས་པའི་མཆོད་པའི་ཆོ་ག་སློབ་དཔོན་སྐལ་བཟང་རབ་དགས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྣམ་པར་བཤད་པའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་བ་སློབ་དཔོན་ཆེན་པོ་རྡོ་རྗེས་གོ་ཆས་མཛད་པ། ཕྱག་ན་རྡོ་རྗེས་གོས་དཀར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཕྱོགས་ཀྱི་གླང་བོས་མཛད་པ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་དགེ་སློང་མ་དཔལ་མོས་མཛད་པ། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་པའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་ས་དྲུག་པའི་བྱང་སེམས་ཡིན་ཡང་ས་དང་པོའི་བྱང་སེམས་སུ་བྱིན་གྱིས་བརླབས་པས་མཛད་པ། །



上一篇:སྐད་གཉིས་གསར་འགྱུར་ལས་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ནང་སྙན་ཞུ་བྱས་པའི་མཇུག་འབྲས་ཟླ༧པའི་ཚེས༧ཉིན་ནས་ཚེས༩ཉིན་བར་ཁྱབ་བསྒྲགས་བྱ་རྒྱུ་རེད།

下一篇:མཚོ་སྔོན་གྱིས་བརླན་ས་ཚང་མ་སྲུང་སྐྱོབ་ཁྱབ་ཁོངས་སུ་བཞག་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783933 位访客