བོད་ལྗོངས་ཟློས་གར་ཚོགས་པ་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་ཕ་སར་བསྐྱོད་པ།

发布时间:2017-07-07 03:52:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ༧པའི་ཚེས༥ཉིན། བོད་ལྗོངས་ཀྱི་ཀྲུང་གོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་དངུལ་རྣམ་གྲངས་བོད་ཀྱི་ཟློས་གར་གསོ་སྦྱོང་འཛིན་གྲྭའི་དུས་ཐེངས་གཉིས་པའི་སློབ་མ༡༥ཀྲུང་གོའི་ལྷ་རིས་སྒྱུ་རྩལ་གྱི་ཕ་ས་སྟེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་དུ་བསྐྱོད་དེ།མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་སོགས་ནས་ཡོང་བའི་བོད་ཀྱི་ཟློས་གར་འཁྲབ་སྟོན་པ་དག་དང་མཉམ་དུ་སློབ་སྦྱོང་དང་བོད་ཀྱི་ཟློས་གར་འཁྲབ་སྟོན་ངོས་ཀྱི་ཤེས་བྱ་སྔོག་འདོན་བྱས།

རེབ་གོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་རྫོང་མཁར་གྲགས་ཅན་གཅིག་པུ་དེ་ཡིན་ལ། རྒྱལ་ཁབ་ཕྱི་ནང་ཀུན་ན་སྐད་གྲགས་ཡོད་པའི་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་འབྱུང་གནས་དང་ཨ་མདོ་བོད་ཀྱི་རིག་གནས་ལྟེ་བ་ཡང་རེད།ཉིན་དེར། ཀྲུང་གོ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་དངུལ་རྣམ་གྲངས་སྟེ།ཨ་མདོའི་བོད་ཀྱི་ཟློས་གར་གསོ་སྦྱོང་འཛིན་གྲྭ་དེ་རེབ་གོང་རྫོང་ནས་བསྡུ་མགོ་ཚུགས་ཤིང་། བོད་ལྗོངས་ཀྱི་ཟློས་གར་འཁྲབ་སྟོན་སྐོར་ཞིག་ཐེངས་འདིའི་ཉིན༤༠རིང་གི་གསོ་སྦྱོང་ནང་ཞུགས།

ཤེས་གསལ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་སྟེང་སྲོལ་རྒྱུན་གྱི་ཨ་མདོའི་ཟློས་གར་འཁྲབ་སྟངས་དང་གཞས་གདངས་སོགས་ཆེད་ལས་སློབ་ཚན་འཁྲིད་པ་ལས་གཞན་ད་དུང་།རེབ་གོང་རྫོང་ས་དཀྱིལ་སྡེ་བ་དང་གླིང་རྒྱ་སྡེ་བ།དེ་མིན།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་སུ་བསྐྱོད་དེ། དམངས་ཁྲོད་དམངས་གཞས་འཚོལ་བསྡུའི་བྱེད་སྒོ་ཡང་སྤེལ་རྒྱུ་རེད།

བོད་ཀྱི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ལྟ་བུའི་མིང་ཐོགས་ཡོད་པའི་བོད་ཀྱི་ཟློས་གར་ལ་ཀྲུང་གོའི་ཟློས་གར་ཁྲོད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་། སྒྱུ་རྩལ་གྱི་མཚོན་སྟངས་དང་འཁྲབ་ལུགས་མང་པོ་ཡོད།ཀན་སུའུ་ཀན་ལྷོ་ནས་དར་བའི་ཨ་མདོའི་ཟློས་གར་ནི་བོད་ཀྱི་ཟློས་གར་གྲས་ཀྱི་གཅིག་ཡིན་ལ།ལེན་སྟངས་དང་འཁྲབ་སྟངས་སོགས་ཀྱི་ཐད་ནས་ཐུན་མིན་ཁྱད་ཆོས་ལྡན།

བོད་ལྗོངས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་ཁྲིད་དགེ་རྒན་དང་རྒྱལ་ཁབ་རིམ་པ་གཉིས་པའི་རོལ་མོ་བ་གྲགས་ཅན་རྒན་བཀྲ་ཤིས་དབང་རྒྱལ་ལགས་ཀྱིས་གསར་འགོད་པར་བཤད་རྒྱུར། བོད་ཀྱི་ཟློས་གར་ཁག་བར་ཕན་ཚུན་འབྲེལ་འདྲིས་བྱེད་པ་དེ་ད་ལོར་མཐོ་རླབས་གསར་བ་ཞིག་ཏུ་སླེབས་ཡོད།འདིའི་བོད་ཀྱི་ཟློས་གར་གྱི་སྲོལ་རྒྱུན་དང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད།ཐེངས་འདིའི་དམངས་ཁྲོད་འཚོལ་སྡུད་བྱེད་སྒོ་བརྒྱུད་དེ།བོད་ལྗོངས་ཀྱི་ཟློས་གར་འཁྲབ་རྩལ་སོགས་གནས་འདི་ལ་ཁྱབ་སྤེལ་བྱེད་པ་དང་།དུས་མཚུངས་སུ།ཨ་མདོའི་ས་ཁུལ་གྱི་བོད་ཀྱི་ཟློས་གར་གྱི་ཐུན་མིན་ཁྱད་ཆོས་ལྡན་པའི་གཞི་རྒྱུ་བསྡུ་ལེན་བྱས་ཏེ།རྗེས་ཕྱོགས་ཀྱི་འཁྲབ་སྟོན་ཁྲོད་འདྲེས་པར་བྱ་རྒྱུའི་རེ་བ་ཡོད་ཞེས་ཟེར།

ཀྲུང་གོ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་དངུལ་རྣམ་གྲངས་ལས་དུས་ཐེངས་གཉིས་པའི་བོད་ཀྱི་ཟློས་གར་གསོ་སྦྱོང་འཛིན་གྲྭའི་སློབ་མ་འཛོམས་སྐྱིད་ཀྱིས་གསར་འགོད་པར་བཤད་རྒྱུར།མཚོ་སྔོན་གྱི་ས་གནས་ཟློས་གར་འཁྲབ་སྟོན་པ་དང་དངོས་སུ་སྤེལ་རེས་བྱས་རྗེས།ཨ་མདོའི་ཟློས་གར་ལ་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཤེས་རྟོགས་བྱུང་།ངས་རང་ཉིད་ཀྱིས་བསླབས་ཟིན་པའི་ཤེས་བྱ་དག་བོད་ལྗོངས་ལ་ཁྱེར་ཏེ།བོད་ཀྱི་ཟློས་གར་འཁྲབ་སྟོན་ཐོག་སྤྱད་ནས་རྒྱ་ཆེའི་མང་ཚོགས་ལ་ནང་དོན་ཕུན་སུམ་ཚོགས་པའི་ཟློས་གར་འཁྲབ་སྟོན་བྱ་རྒྱུ་ཡིན་ཞེས་ཟེར།



上一篇:རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།

下一篇:མཚོ་སྔོན་གྱིས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་དྲུག་པའི་བརྟན་འཇགས་དང་བདེ་སྲུང་བྱ་བའི་གྲོས་ཚོགས་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1868999 位访客