༄༅།།ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་འཛམ་གླིང་ཤུལ་བཞག་ཐོ་གཞུང་དུ་ཚུད་པ།

发布时间:2017-07-10 12:03:02

   

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ༧པའི་ཚེས༧ཉིན། ཕོ་ལན་ནས་ཚོགས་པའི་སྐབས༤༡པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རྒྱབ་བདེ་བླག་ངང《འཛམ་གླིང་ཤུལ་བཞག་རིག་དངོས་མིང་ཐོ》རུ་ཚུད་ནས། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་། ཆ་སྙོམས་ཀྱི་ས་བབ་ཆེས་མཐོ་བ། མཚེའུ་གྲངས་ཀ་ཆེས་མང་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དུ་གྱུར་ཏེ། མཚོ་སྔོན་ལ་འཛམ་གླིང་ཤུལ་བཞག་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད།


     ཉིན་མོ་དེར། སྐབས༤༡པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ༢༡གི་འཐུས་མི་ཡིས་གྲོས་ཞིབ་དང་བརྡས་ཐག་བཅད་པ་བརྒྱུད། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་ཀྱི་འབུར་ཐོན་རིན་ཐང་དེ་འཛམ་གླིང་ཤུལ་བཞག་ཨངviiཔ་དང་དོན་ཚནxཡི་ཚད་གཞི་དང་མཐུན་པས། 《འཛམ་གླིང་ཤུལ་བཞག་རིག་དངོས་མིང་ཐོ》རུ་བདེ་བླག་ངང་ཚུད་ཐུབ་པ་བྱུང་། དེར་རྟེན། མཚོ་སྔོན་མཐོ་སྒང་གི་རྣམ་གྲངས་ཐོག་མ་དང་རང་རྒྱལ་གྱི་རྣམ་གྲངས་བཅུ་གཉིས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་མཚོ་སྔོན་དུ་བྱུང་བ་རེད།


     མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་ཕུལ་བར་ལེགས་འགྲུབ་བྱུང་བ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་ཁས་ལེན་བྱས་པ་མཚོན་ཐུབ་ལ། རྗེས་ཕྱོགས་རང་རྒྱལ་གྱིས《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས》ཀྱི་འབྲེལ་ཡོད་བླང་བྱ་བརྩི་སྲུང་ནན་མོ་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་སྲུང་སྐྱོབ་འགན་འཁྲི་དངོས་འབེབས་གང་ལེགས་བྱ་རྒྱུ་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་དུ། མིའི་རིགས་ཀྱི་ཐུན་མོང་གི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་སྒྲིག་བཀོད་ལ་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པར་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།   །





上一篇:བོད་ཀྱི་སྐད་དང་ཡི་གེ་གཅིག་གྱུར་ལ་བཅང་བའི་འདུན་པ།

下一篇:༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་བདམས་ཐོན་བྱུང་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783978 位访客