༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་བདམས་ཐོན་བྱུང་བ།

发布时间:2017-07-10 02:35:45

     མི་དམངས་དྲ་བའི་འཕྲིན། ཟླ༦ཚེས་༢༧ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུའི་ཐོག་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་མཁན་འཐུས་མི་༢༩བདམས་ཐོན་བྱུང་བ་དང་འཐུས་མིའི་མཚན་ཐོ་(རུས་མིང་གི་རྒྱ་ཡིག་པིར་རིས་མང་ཉུང་ལྟར་བསྒྲིགས་པ)གཤམ་གསལ་དུ་

     ཏིང་ཡེ་ཤན། མཱ་ཧྲེང་ཁྲང་། ཝང་གཡུང་ཅུན། པ་སྒྲོན(བུད་མེད། བོད་རིགས) པད་མ་དབྱངས་ཅན། (བུད་མེད། མོན་པ་རིགས) པད་མ་དབང་འདུས(བོད་རིགས) ཉི་མ་སྲི་ཆོས(བོད་རིགས) སྤེན་པ་བཀྲ་ཤིས(བོད་རིགས། ལྗོངས་ཏང་ཨུད) སྤེན་པ་བཀྲ་ཤིས(བོད་རིགས། བཞད་མཐོང་སྨོན་རྫོང)རྟ་པོར(ལྷོ་པ་རིགས) ཀྲུའུ་ཀྲུང་ཁུའེ། རེན་ཧོའུ་མིང་། བྱམས་པ་བཀྲ་ཤིས(བོད་རིགས) བྱམས་པ་ཕུན་ཚོགས(བོད་རིགས) ཆེ་དགྲ་ལྷ(བོད་རིགས) ཚེ་རིང་པ་སྒྲོལ(བུད་མེད། བོད་རིགས) ཚེ་རིང་དབྱངས་ཅན(བུད་མེད། བོད་རིགས) ཞུས་ཁྲེང་ཚང་། ཝུའུ་དབྱིང་ཅེ། ཀྲང་ཡན་ཆིང(བོད་རིགས) ཨ་པོ(ཧུད་རིགས) ལྷ་མཚོ(བུད་མེད། བོད་རིགས) སངས་རྒྱས་བཀྲ་ཤིས(བོད་རིགས) ནོར་བུ་དོན་གྲུབ (བོད་རིགས) བློ་བཟང་རྒྱལ་མཚན(བོད་རིགས) ཡའོ་ཁྲེ(བུད་མེད། བོད་རིགས) ཐན་ཧའེ་ཡུས(བུད་མེད) ཙེང་དབན་མིང་། བྱམས་པ་སྒྲོལ་མ(བུད་མེད། བོད་རིགས 

     ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ནི་ཏང་གི་སྒྲིག་ཡིག་དང་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱར་ནན་ཏན་ངང་གཞིགས་ཏེ་བདམས་ཐོན་བྱུང་བ་ཞིག་རེད། འཐུས་མིའི་འོས་མིའི་ཐོག་མའི་འོས་མི་འོས་སྦྱོར་མིང་འདོན་དང་འཐུས་མི་དངོས་སུ་འདེམས་པའི་བརྒྱུད་རིམ་ནང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་བཏང་ཡོད། འཐུས་མི་བདམས་ཐོན་བྱུང་བ་དེ་གོ་རིམ་དང་གཏན་འབེབས་དང་མཐུན་པ་མ་ཟད། གྲུབ་ཆའི་བསྡུར་ཚད་ཀྱང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད།

    ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་མཁན་འཐུས་མིའི་ཐོབ་ཐང་དེ་སྐབས་དེ་དུས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱིས་གཏན་འཁེལ་བྱ་རྒྱུ་རེད།


上一篇:༄༅།།ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་འཛམ་གླིང་ཤུལ་བཞག་ཐོ་གཞུང་དུ་ཚུད་པ།

下一篇:༄༅།།ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས་《རྒྱ་བཟའ་ཀོང་ཅོ་》གློག་བརྙན་དུ་ཕབ་ སྐྲུན་བྱ་རྒྱུ་ཡིན་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783864 位访客