ཡུལ་ཤུལ་ལྡོང་ཚང་གི《བཀའ་བསྟན》ཏེ། ཁྱིམ་རྒྱུད་གཅིག གསུང་རབ་གཅིག ལོ་ངོ་སྟོང་གཅིག

发布时间:2017-07-14 05:02:06

ཚུལ་ཁྲིམས་དབང་ཆེན་ཕ་བུ་གཉིས་ཀྱིས་གླེགས་ཤིང་སྒྲིག་བཞིན་པ།

ཡུལ་ཤུལ་ལྡོང་ཚང་གིབཀའ་བསྟནནི་འཛམ་གླིང་སྟེང་ལོ་རྒྱུས་ཡུན་རིང་ཞིང་།  དམངས་ཁྲོད་དུ་ཉར་ཚགས་ཧ་ཅང་འཐུས་ཚང་པའི་བཀའ་བསྟན་ཡིན་ཞིང་།  དེར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུན་ལྡན་འདུག  བཀའ་བསྟན་གསུང་རབ་འདི་ཉིད་ཉར་ཚགས་གནང་མཁན་ལྡོང་ཚང་ཁྱིམ་རྒྱུད་ཀྱིས༡༤ཡུལ་ཤུལ་ས་ཡོམ་གྱི་འཇིགས་པ་བརྒྱུད་ནའང་།  གསུང་རབ་འདི་ཉིད་ཉར་ཚགས་ཀྱི་སེམས་ཤུགས་ནམ་ཡང་ཞུམ་ཡོད་པ་མ་རེད།  ཁྱིམ་རྒྱུད་འདི་ལ་མཚོན་ན།  གསུང་རབ་སྲུང་སྐྱོབ་ནི་འཚོ་བ་རོལ་ཐབས་ཤིག་ཡིན་པ་མ་ཟད།  དེ་ལས་ཀྱང་དད་མོས་ཤིག་ཏུ་གྱུར་འདུག

 

གསུང་རབ། 

ཉིན་རེའི་ཞོགས་པར།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་བདེ་བཟང་བཟའ་མི་གང་པོས། ལྷ་མདུན་དུ་མཆོད་མེ་སྒྲོན་ནས་དད་པའི་སྐྱབས་འཇུག་ཞུས་རྗེས།  བཀའ་བསྟན་ཉར་ཚགས་གནང་སའི་ཁང་མིག་ཏུ་ཆོས་དཔེ་དག་སྒྲིག་བྱེད་ཀྱིན་གདའ།

བཀའ་བསྟནནི་ནང་བསྟན་གྱི་གནའ་བོའི་གསུང་རབ་རྩ་ཆེན་གཅིག་འདུས་ཅན་ཞིག་ཡིན་ཏེ།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་སྐལ་བཟང་རྒྱལ་ལྟར་ན།  བཀའ་བསྟན་ལ་རྒྱ་ཡིག་དང་། བོད་ཡིག མན་ཇུའི་ཡི་གེ  སོག་ཡིག་བཅས་ཀྱི་མ་ལག་མང་པོ་ཡོད་དེ།  དུས་རབས༧པའི་དུས་མཇུག་ཏུ་མཚོ་བོད་ས་མཐོར་དར་པ་རེད་ཟེར།

ཡུལ་ཤུལ་ཁུལ་རིག་དངོས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་ལྷ་མོས་གསར་འགོད་པར།  ལྡོང་ཚང་ཁྱིམ་རྒྱུད་ཀྱིས་མི་རབས་ནས་མི་རབས་བར་ཉར་ཚགས་གནང་པའིབཀའ་བསྟནལ་ལྡོང་ཚང་པོ་ཏི་ལྔ་བརྒྱ་ཞེས་འབོད་སྲོལ་ཡོད་ལ།  ད་བར་དུ་མ་མཐའ་ཡང་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་དང་།  དེར་མཚོ་བོད་ས་མཐོའི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ཞེས་གྲགས་ཡོད།

བདེ་བཟང་གི་ཁྱོ་ག་ཀརྨ་ཆོས་བཟང་གིས་གསར་འགོད་པ་ཁྲིད་དེ་བཀའ་བསྟན་ཁང་དུ་སླེབས་སོང་།  ཁང་པའི་གྱང་ལྡེབས་ཀྱི་ཕྱོགས་ཧྲིལ་པོར་ཆོས་ཁྲི་ཕྲེང་བསྟར་གསུམ་བསྒྲིས་ཡོད་པ་དང་།  ཆོས་ཁྲིའི་མཐའ་རུ་ཁ་བཏགས་དཀར་པོ་སྒྲོན་ཡོད་པ། དེའི་སྟེང་དུ་གླེགས་ཤིང་གིས་བཏུམ་པའི་ཆོས་དཔེ་དག་སྒྲིག་འདུག

ཀརྨ་ཆོས་བཟང་གིས་ཆོས་ཁྲི་ལསབཀའ་བསྟནདུམ་པ་གཅིག་ག་ལེར བླངས་བྱུང་། གསར་འགོད་པས་གླེགས་ཤིང་གི་ངོས་སུ་མ་ཎི་ཡིག་དྲུག་དང་།  གླང་ཆེན།  རྟ་མཆོག  པདྨ་སོགས་བརྐོས་ཡོད་པ་དང་། གླེགས་ཐག་གི་སྟེང་དུའང་མ་ཎི་ཡིག་དྲུག་ཕབ་ཡོད་པ་མཐོང་།

ཀརྨ་ཆོས་བཟང་གིསའདི་ནི་ཙན་དན་གྱི་གླེགས་ཤིང་ཡིན་ཏེ།  གླེགས་ཐག་ཀྱང་གཞན་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཞིག་རེད།  པེ་ཅིང་ནས་ཐོན་པའི་བོད་རིག་པའི་ཆེད་མཁས་ཤིག་གིས་ཁོ་བོ་སྔོན་ཆད་དགོན་སྡེ་སུམ་བརྒྱ་བཞི་བརྒྱ་ལྷག་ལ་སོང་མྱོང་མོད།  གླེགས་ཐག་འདི་འདྲ་ཞིག་ད་རག་བར་མཐོང་མྱོང་མེད་ཅེས་ལབ་སོངཟེར། 

ཆོས་དཔེ་ག་ལེར་ཁ་འབྱེད་ཚེ།  དེ་ནི་གསེར་ཕྱེ་དང་དངུལ་ཕྱེ།  སོལ་བ་སོགས་ཀྱི་རྒྱུ་ཆས་བོད་ཤོག་དང་།  ཀོ་བ།  ཤིང་སྟག་པའི་ཤུན་པའི་སྟེང་བྲིས་པའི་ལག་བྲིས་རྐྱང་རྐྱང་ཡིན་ལ། ཡིག་གཟུགས་ལ་ཚོས་ཁྲ་ཅུང་ཙམ་སྣང་ཞིང་།  སྔར་བཞིན་གསལ་ཞིང་མཛེས་པ་ཞིག་རེད་འདུག

ཀརྨ་ཆོས་བཟང་གིས་གསར་འགོད་པར།  ངག་རྒྱུན་དུ་ལྡོང་ཚང་ཁྱིམ་རྒྱུད་ནི་གེ་སེར་སྒྲུང་གི་དཔའ་རྟུལ་སུམ་ཅུའི་ཁྲོད་ཀྱི་ལྡོང་དཔལ་རི་ཉི་མ་རྒྱལ་མཚན་གྱི་གདུང་རྒྱུད་དུ་འབོད་ལ།  མི་རབས༣༠ཡི་རིངབཀའ་བསྟནཉར་ཚགས་དང་བདག་སྐྱོང་གནང་པར་གྲགས།

ལོ་ངོ༣༠ ལྷག་གི་ཡར་སྔོན་དུ།  བདེ་བཟང་གི་ཕ་ཚུལ་ཁྲིམས་དབང་ཆེན་དང་ལྡོང་ཚང་ཁྱིམ་རྒྱུད་ཀྱི་བུ་མོ་གཉིས་གཉེན་སྡེབ་ནས་ཁོ་རང་ལྡོང་ཚང་གི་དམག་པར་གྱུར་པ་དང་།  དེ་ནས་བཟུངབཀའ་བསྟནལའང་ཚེ་སྲོག་རྒྱས་པར་གྱུར།  ༢༠༠༣ལོ་ནས་བཟུང་།  ཚུལ་ཁྲིམས་དབང་ཆེན་དང་ཁོའི་བུ་མོ་ཆེ་བ་ཀུན་བཟང་ཟླ་སྒྲོན་གཉིས་ཀྱིས་ཆོས་དཔེ་དག་སྒྲིག་བྱེད་འགོ་བརྩམས།

སྐབས་དེར་ཟི་ལིང་ན་སློབ་གཉེར་བྱེད་སྒང་གི་བུ་མོ་གསུམ་པ་ཡེ་ཤེས་མཚོ་མོས་ས་ཡོམ་གྱི་གནས་ཚུལ་ཐོས་མ་ཐག  ཟོང་སྐྱེལ་རླངས་འཁོར་ཞིག་ལ་བསྡད་དེ་ཐད་ཀར་ནང་དུ་ལོག་པ་དང་།   ནང་དུ་ཐོན་མ་ཐག  སྡོད་ཁང་ཡོད་ཚད་ཞིག་ཚར་ནསབཀའ་བསྟནདག་ཀྱང་ཧ་ལམ་བསྣུབས་འདུག་པ་མཐོང་མ་ཐག་ཁོ་མོ་ཧང་སངས་པར་གྱུར།

ཡེ་ཤེས་མཚོ་མོས་ཕྱིར་དྲན་ལྟར་ན།  རོགས་སྐྱོར་མི་སྣའི་རྒྱབ་སྐྱོར་འོག   དུས་ཡུན་ཉིན༥སྤྱད་དེབཀའ་བསྟནཞིག་རོའི་ཁྲོད་ལེན་ཐུབ་པ་བྱུང་སོང་ཟེར།

ཡེ་ཤེས་མཚོ་མོས།  སྐབས་དེར་ང་ཚོའི་ལུས་སྟེང་གི་གྱོན་པའི་ཁ་དོག་ཀྱང་དབྱེ་ཁག་པར་འདུག་མོད། སེམས་ཁྲལ་ཆེ་ཤོས་ནིབཀའ་བསྟནརེད་འདུག    དེ་ལས་ཀྱང་གླེགས་ཤིང་ཁ་ཤས་ལ་ཆག་སྐྱོན་བྱུང་ཡོད་པ་མཐོང་མ་ཐག་ང་ཚོས་ཞིག་རོའི་ཁྲོད་ཀྱི་གྱོན་གོས་དང་མལ་གདན་གྱིས་དེ་ཉིད་བཏུམ་པ་ཡིནཟེར།

དད་མོས།

“《བཀའ་བསྟནམྱུར་སྐྱོབ་བྱེད་པ་མཐོང་དུས། བཟའ་མི་གང་པོ་བློ་དེ་ཙམ་བདེ་རུ་ཕབ་བྱུང་ཞེས་བདེ་བཟང་གིས་ཕྱིར་དྲན་བྱ་རྒྱུར།  ས་ཡོམ་བྱུང་མ་ཐག   ས་གནས་སྲིད་གཞུང་གིས་དུས་ཡུན་ཟླ༥ཙམ་གྱི་རིང་།  བཀའ་བསྟན་ཁང་ལ་ཁྱོན་ཡོངས་ནས་ཞིག་གསོ་དང་འཛུགས་བསྐྲུན་བརྟན་པོར་བཟོས་པ་རེད། དེ་ནི་ཡུལ་ཤུལ་ས་ཡོམ་ཁྲོད་ལེགས་འགྲུབ་བྱུང་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས་ཐོག་མ་རེད་འདུག་ཟེར།

བདེ་བཟང་གིས་གསར་འགོད་པར།  བཀའ་བསྟནསྲུང་སྐྱོབ་བྱ་ཆེད་དང་བཟའ་མོ་གང་པོས་འཚོ་བར་བདག་སྐྱོང་གནང་ཆེད། སྔོན་ཆད་དགོན་དུ་རབ་ཏུ་བྱུང་པའི་ཁོ་མོ༢༠༡༡ལོར་སྐྱ་སར་དབབ་པ་མ་ཟད།  ཀརྨ་ཆོས་བཟང་དང་གཉེན་སྡེབ་པ་ཡིན་ཟེར།

དེང་སྐབས། བདེ་བཟང་བཟའ་ཟླ་གཉིས་ཀྱི་བུ་མོ་ཆེ་བ་ལོ་གཉིས་དང་། བུ་མོ་ཆུང་པ་ལོ་ཕྱེད་སོན་མ་ཐག་རེད།

བདེ་བཟང་གིསབྱིས་པ་དག་ནར་སོན་རྗེས།  ངས་ཁོ་ཚོརབཀའ་བསྟནསྐོར་གྱི་གཏམ་རྒྱུད་དང་། ངའི་ཕ་རྒན་དང་ཨ་ཅེའི་སྐོར་གྱི་གཏམ་རྒྱུད་འཆད་རྒྱུ་ཡིནཟེར།

བཅར་འདྲིའི་མཐའ་མཇུག་ཏུ།  ཀརྨ་ཆོས་བཟང་གིས་གསར་འགོད་པར། ཁོ་བོར་བག་ཆགས་ཆེས་ཟབ་མོ་བཞག་པའི་བཀའ་གསུང་ཚན་པ་ཞིག་གི་ནང་དོན་རགས་རིམ་འདི་ལྟ་སྟེངས་ནི་ཕ་མེས་དང་ཕ་མའི་ཆེད་དུ་སྒྲུབ་སྦྱོང་གནང་པ་ཡིན་ལ། དེ་ལས་ཀྱང་ཁོ་ཚོ་དང་གནམ་འོག་ཚེ་སྲོག་ཀུན་གྱི་དོན་དུ་སྨོན་ལམ་བརྒྱབ་པ་ཡིན་ཞེས་པ་དེ་ཡིན་ཟེར།

ཁོསདོན་དུ་དེ་ནི་ངེད་ཚང་གི་ཁྱིམ་རྒྱུད་ཀྱི་གཏམ་རྒྱུད་བཤད་པ་དང་ཀུན་ནས་མཚུངསཟེར།


上一篇:བོད་ཀྱི་གསུང་རབ་གནའ་དཔེའི་དབུ་ཞབས་ལྷ་སྐུ།

下一篇:རྡོ་རིང་པཎྜི་ཏའི་རྣམ་ཐར།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783896 位访客