རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་སྐོར་ཞིབ་ཚན་ཆུང་གིས་མ།ོ་སྔོན་གྱི་དབུལ་སྒྲོལ་འགག་གཏོར་གྱི་ལས་ཀར་སྐོར་ཞིབ་བྱས་པ།

发布时间:2017-07-21 03:05:54

    རྒྱལ་ཡོངས་ཀྱི་གོང་འོག་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་ཧ་ཅང་དབུལ་བོའི་དབུལ་སེལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་དུས་འདི་ལ། ཀྲུང་དབྱང་གིས་སྒྲིག་གཤོམ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་བྱས་པ་ལྟར་དུ་ཟླ༧པའི་ཚེས༡༣ཉིན་ནས་ཚེས༡༨ཉིན་བར་དབུལ་སྐྱོར་གསར་སྤེལ་གྱི་སྐོར་ཞིབ་ཚན་ཆུང་གིས་རང་ཞིང་གི་༢༠༡༦ལོའི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གྲུབ་འབྲས་དང་གནད་དོན་དག་ཐེར་བྱས་སྐོར་ལ་སྐོར་ཞིབ་བྱས་ཤིང་། སྐོར་ཞིབ་ཀྱི་ཁྲོད་དུ་སྔོན་ཐོན་གྱི་དཔེ་མཚོན་དང་། ལས་ཀའི་ཉམས་མྱོང་འཚོལ་ཞིབ་བྱས་པ་དང་། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་བསམ་ཚུལ་དང་བསམ་འཆར་ལ་ཐོས་རྟོགས། དབུལ་སེལ་འགག་སྒྲོལ་གྱི་བཅོས་སྒྱུར་ལག་བསྟར་བྱས་ཚུལ་ལ་རྒྱུས་ལོན་བཅས་བྱས་པ་རེད།

      ཉིན་འདི་འགའི་ཚུན་ལ་སྐོར་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་བཅས་ཀྱི་རྫོང་དབུལ་བོ་བཞི(གྲོང་ཁྱེར་དང་ཁུལ)དང་། ཡུལ་ཚོ༡༠། གྲོང་ཚོ༡༤་ལ་བསྐྱོད་དེ་སྐོར་ཞིབ་བྱས། ཡུལ་དངོས་རྟོག་ཞིབ་དང་ལྐོག་བཅར་འདེམ་བཤེར་ལ་སོགས་ཀྱི་ལམ་ནས་རང་ཞིང་གི་དབུལ་སེལ་འགག་སྒྲོལ་བྱས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གསལ་བོ་བྱས།

      ཟླ༧པའི་ཚེས༡༧ཉིན་ལ་ཟི་ལིང་དུ་སྐོར་ཞིབ་བསམ་འཆར་དང་ལན་ལྡོག་པའི་ཚོགས་འདུ་བསྡུས་ཤིང་། སྐོར་ཞིབ་ཚན་ཆུང་གི་ཚོགས་གཙོ་ཡུས་ཞིན་རོང་གིས་རང་ཞིང་ལ་བསམ་འཆར་ཐོག་མ་བཏོན། ཚོགས་གཙོ་གཞོན་པ་ཡན་ཞའོ་ཧྥེང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཉིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཡན་ཅིན་ཧའེ་ཡིས་རང་ཞིང་གི་དབུལ་སེལ་འགག་སྒྲོལ་གྱི་ལས་ཀའི་གནས་ཚུལ་སྐོར་ནས་སྙན་སེང་ཞུས།

      ཡུས་ཞིན་རོང་གིས་འདི་སྐད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་སེལ་འགག་སྒྲོལ་གྱི་གནད་དོན་དག་ཐེར་བྱ་བར་མཐོང་ཆེན་པོ་བྱས་ཏེ། ཀྲུང་དབྱང་གི་དབུལ་སེལ་འགག་སྒྲོལ་གྱི་ཇུས་ཆོད་དང་བཀོད་སྒྲིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མུ་འབྲེལ་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་བཅས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་བསམ་བློ་འདུ་ཤེས་སྔར་བས་ཇེ་ཆེར་སོང་ཡོད་པ་དང་། རྒྱལ་ཕམ་ཐག་གཅོད་ཀྱི་གཡུལ་སར་སྤོབས་པ་ཆེར་བསྐྱེད་དང་གཟེར་བས་གནད་ཕིགས་ཀྱི་དགོངས་པ་ཉེར་ལེན་གྱིས་ཀྲུང་དབྱང་གིས་སྐྱོན་བརྗོད་བརྡ་ཁྱབ་དང་ཞིང་ཆེན་གྱི་རང་བཤེར་བཅས་ཕྱོགས་བརྒྱད་པོའི་གནད་དོན་གཙོར་བཟུང་སྟེ། རྩད་བཤེར་ནན་གཅོད་དང་དག་ཐེར་བྱེད་ཐབས་ལ་དབྱེ་ཞིབ་ཕྲ་མོ་བྱས་ནས་བཀོད་སྒྲིག་ནན་མོ་བྱས་ཡོད་པ་དང་། ལས་ཀའི་འོས་འགན་ཇེ་དམ་དང་། ལྟ་རྟོག་དང་ལྟ་སྐུལ་ཇེ་དྲག དག་ཐེར་ཕན་འབྲས་མངོན་གསལ། དབུལ་སེལ་འགག་སྒྲོལ་གཟེངས་སུ་ཐོན་པ་བཅས་ནས་དག་ཐེར་ལས་འགན་ཁག་ཅུང་ལེགས་པོར་གྲུབ་འདུག མཚོ་སྔོན་ཞིང་ཆེན་ནི་དབུལ་སྐྱོར་ལས་ཀ་འདིའི་ཁེ་ཞན་ས་དང་སྣང་ཆུང་མི་རུང་བའི་གནད་ཀ་ཞིག་ཡིན་སྟབས་དབུལ་སེལ་འགག་སྒྲོལ་ལས་ཀ་དམ་འཛིན་དོན་འཁྱོལ་ལ་ཞི་ལྷོད་མེད་པར་དུས་བཅད་ལྟར་དུ་དབུལ་སྒྲོལ་གྱི་མཐའ་མའི་དམིགས་འབེན་ཕྱོགས་ཡོངས་ནས་མངོན་དུ་འགྱུར་ཐུབ་རྒྱུ་ནི་རེ་བ་ཡིན་ཞེས་བསྟན།

      ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་དང་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཝང་ཅིན་ཅུན་གྱིས་དབུལ་སྒྲོལ་འགག་གཏོར་ལས་ཀར་མཐོང་ཆེན་བྱས། ཁོང་གིས་ཞིང་ཆེན་གྱི་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་ཧ་ཅང་དབུལ་བོའི་དབུལ་སེལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་བླང་བྱ་གཞིར་བཟུང་། ལས་ཀ་ཁག་ལག་ལེན་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན། ལིའུ་ཉིང་དང་ཡན་ཅིན་ཧའེ་གཉིས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སྐོར་ཞིབ་ཚན་ཆུང་གིས་ལས་ཀར་དཀའ་སྤྱད་དང་མཚོ་སྔོན་གྱི་ལས་ཀར་སློབ་སྟོན་དང་རམ་འདེགས་བྱས་པར་ཐུགས་རྗེ་ཆེ་ཞུས། ལིའུ་ཉིང་གིས་འདི་སྐད། ང་ཚོས་ཐེངས་འདིའི་སྐོར་ཞིབ་གོ་སྐབས་སུ་བརྩིས་ཏེ། བསམ་བློའི་ངེས་ཤེས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་གསར་བའི་དབུལ་སྐྱོར་གསར་སྤེལ་འཐབ་ཇུས་ཀྱི་དགོངས་གཞི་ཐོག་ཕྱོགས་གཅིག་ཏུ་དྲིལ་ནས་དབུལ་སེལ་འགག་སྒྲོལ་གྱི་ལས་ཀའི་ཞིབ་ཆ་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བའི་མཚོན་བྱེད་དུ་བཀོད་ནས་ཆབ་སྲིད་ལངས་ཕྱོགས་སྔར་བས་ཇེ་མཐོར་དང་། གནད་དོན་དག་ཐེར་སྔར་བས་དམ་འཛིན། གནད་འཁེལ་གྱི་བླང་བྱ་སྔར་བས་དོན་འཁྱོལ། ལས་ཀའི་ཁག་འགན་སྔར་བས་འཁུར་དུ་འཁྱེར་ཐུབ་པ་བཅས་ཀྱིས་དབུལ་སེལ་འགག་སྒྲོལ་གྱི་གཡུལ་ས་ལས་ཕྱོགས་ཡོངས་ནས་རྣམ་པར་རྒྱལ་པར་འགན་ལེན་བྱེད་རྒྱུ་ཞེས་བསྟན།

     

     

       མཚོ་སྔོན་སྲིད་གཞུང་དྲ་བ། 

      http://tibetan.qh.gov.cn/system/2017/07/19/010273674.shtml      


上一篇:རྡོ་རིང་པཎྜི་ཏའི་རྣམ་ཐར།

下一篇:ཨ་ཆེན་གངས་རྒྱབ་དེ་ཉིད་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་གྱུར་རྗེས་ཅི་ཞིག་བྱེད།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783919 位访客