༄༅།།ལྷ་མོ་ཟློས་གར་《ཧོར་གླིང་གཡུལ་འགྱེད་》མཚོ་སྔོན་རྨ་ལྷོ་ཁུལ་དུ་འཁྲབ་སྟོན་ཐོག་མ་བྱས་པ།

发布时间:2017-07-21 03:22:15

  ༄༅།།ལྷ་མོ་ཟློས་གར་《ཧོར་གླིང་གཡུལ་འགྱེད་》མཚོ་སྔོན་རྨ་ལྷོ་ཁུལ་དུ་འཁྲབ་སྟོན་ཐོག་མ་བྱས་པ།༄༅།།ལྷ་མོ་ཟློས་གར་《ཧོར་གླིང་གཡུལ་འགྱེད་》མཚོ་སྔོན་རྨ་ལྷོ་ཁུལ་དུ་འཁྲབ་སྟོན་ཐོག་མ་བྱས་པ། 

༄༅།།ལྷ་མོ་ཟློས་གར་《ཧོར་གླིང་གཡུལ་འགྱེད་》མཚོ་སྔོན་རྨ་ལྷོ་ཁུལ་དུ་འཁྲབ་སྟོན་ཐོག་མ་བྱས་པ།༄༅།།ལྷ་མོ་ཟློས་གར་《ཧོར་གླིང་གཡུལ་འགྱེད་》མཚོ་སྔོན་རྨ་ལྷོ་ཁུལ་དུ་འཁྲབ་སྟོན་ཐོག་མ་བྱས་པ།

    མི་དམངས་དྲ་བའི་འཕྲིན། ཟླ་༧ཚེས་༡༨ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལོ་རྒྱུས་མཚོན་པའི་སྙན་ངག་《གེ་སར་རྒྱལ་པོའི་སྒྲུང་》ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་གསལ། མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལྷ་མོ་ཟློས་གར་《ཧོར་གླིང་གཡུལ་འགྱེད་》ཉེ་སྔོན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གཉེར་བའི་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་ལྷ་མོ་ཟློས་གར་མཉམ་འཛོམས་འཁྲབ་སྟོན་སྐབས་དང་པོ་དང་ཀྲུང་གོའི་མཚོ་སྔོན་རེབ་གོང"དབྱར་སྟོན"རིག་རྩལ་དུས་ཆེན་སྐབས་གཉིས་པའི་ཐོག་འཁྲབ་སྟོན་ཐོག་མ་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་དང་བསྟོད་བསྔགས་ཚད་མེད་ཐོབ་པ་རེད།
     བོད་ཀྱི་ལྷ་མོ་ཟློས་གར་ནི་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པའི་མདོ་དབུས་མཐོ་སྒང་དུ་བྱུང་བ་ཡིན་ཞིང་། དེ་ལ་སྤྱིར་བཏང་དུ་བོད་ལྗོངས་ཀྱི་ལྷ་མོ་ཟློས་གར་དང་། ཨ་མདོའི་ལྷ་མོ་ཟློས་གར། ཁམས་པའི་ལྷ་མོ་ཟློས་གར་སོགས་སུ་ཕྱེ་ཡོད་ལ། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་ཟློས་གར་མིང་གཞུང་དུ་བཅུག་པ་རེད།
     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བོད་ཀྱི་ལྷ་མོ་ཟློས་གར་མཉམ་འཛོམས་འཁྲབ་སྟོན་ནི་དུས་ཡུན་གཟའ་འཁོར་གཅིག་རིང་བྱེད་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་དང་། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ་བཅས་དང་། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ། དེ་བཞིན་བོད་ལྗོངས་ཀྱི་གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་ལྷ་མོ་ཟློས་གར་ཚོགས་པ་སོགས་ཡོད་ཅིང་། རྨ་ལྷོ་ཁུལ་གྱི་གྲོང་རྡལ་ཐང་ཆེན་དང་། མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ལྟེ་གནས། སྲོལ་རྒྱུན་གྲོང་ཚོ་བཅས་སུ་《ཧོར་གླིང་གཡུལ་འགྱེད་》དང་། 《སྲོང་བཙན་སྒམ་པོ》 《ལྷ་རྒྱ་ལོ་གཉེན་སྟོན་འདུ་ཁང》 《ཀོན་ཆུའེ་རྒྱལ་ཕྲན་རྒྱལ་པོ་》སོགས་ལྷ་མོ་ཟློས་གར་15ཙམ་འཁྲབ་སྟོན་བྱ་རྒྱུ་རེད།
       རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རིག་གནས་ཁང་གི་འགོ་འཛིན་མཁའ་ལོ་རྒྱལ་གྱིས་《གེ་སར་རྒྱལ་པོ་》ནང་གི་《ཧོར་གླིང་གཡུལ་འགྱེད་》ནི་རྩེ་ཁོག་རྫོང་གེ་སར་སྒྱུ་རྩལ་ཚོགས་པས་རང་བརྩམས་རང་འཁྲབ་བྱས་པའི་ལྷ་མོ་ཟློས་གར་ཞིག་ཡིན་ལ། ནང་དོན་གཙོ་བོ་ནི་ཧོར་གུར་དཀར་རྒྱལ་པོའི་བཙུན་མོ་སྐུ་གཤེགས་རྗེས། བཙུན་མོ་གསར་པ་ཞིག་བསུ་པར་བྱ་བཞི་བཏང་བ་དང་། བྱ་ནག་ཁྭ་ཏ་ཡིས་འཛམ་གླིང་ཐོག་གི་ཆེས་མཛེས་པའི་བུ་མོ་དེ་གླིང་ཡུལ་ན་ཡོད་པ་དང་། དེ་ནི་གེ་སར་གྱི་བཙུན་མོ་འབྲུག་མོ་རེད་སྐད། གུར་དཀར་རྒྱལ་པོས་གེ་སར་བྱང་བདུད་འདུལ་བར་ཕྱིན་པའི་གོ་སྐབས་ལ་བརྟེན་ནས་གླིང་ཡུལ་དུ་དཔུང་འཇུག་བྱས་པ་དང་། གླིང་ཡུལ་གྱི་དཔའ་རྒོད་རྣམས་ཀྱིས་དགྲ་ཁ་བླངས་ནས་གཡུལ་འགྱེད་བྱས་ཀྱང་། ཨ་ཁུ་ཁྲོ་ཐུང་ནང་རུལ་བྱས་པས་ཧོར་གྱིས་རྒྱ་ཚྭ་བསད་པ་དང་འབྲུག་མོ་འཕྲོག་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
    མཁའ་ལོ་རྒྱལ་གྱིས"མཚོ་སྔོན་ཀྱི་བོད་རིགས་འབྲོག་ཁུལ་གྱི་གཞི་རིམ་རིག་གནས་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པར་བཏང་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། རྩེ་ཁོག་རྫོང་གེ་སར་རིག་གནས་སྒྱུ་རྩལ་ཚོགས་པས་2014ལོ་ནས་བཟུང་《གཟུགས་ཀྱི་ཉི་མ་》དང་། 《སྲོང་བཙན་སྒམ་པོ》 《གསེར་གླིང་གཡུལ་འགྱེད》 《རྟ་རྒྱུག་རྒྱལ་འཇོག་》སོགས་ལྷ་མོ་ཟློས་གར་བཞི་གསར་རྩོམ་བྱས་པས། གཞི་རིམ་མང་ཚོགས་ཀྱིས་དགའ་བསུ་དང་བསྟོད་བསྔགས་ཆེན་པོ་བྱས་པ་རེད"ཅེས་བརྗོད་པ་རེད།

    《གེ་སར་རྒྱལ་པོའི་སྒྲུང་》ནི་བོད་ཀྱི་དཔའ་བོ་གེ་སར་རྒྱལ་པོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་བརྗོད་པའི་རྩོམ་རིག་བརྩམས་ཆོས་ཧ་ཅང་ཆེན་པོ་ཞིག་ཡིན་ལ། དེར་བོད་ཀྱི་ཕྱོགས་སོ་སོ་ཚང་མའི་འཕེལ་རྒྱས་ཀྱི་ལོ་རྒྱུས་འདུས་ཡོད་ཅིང་། ཡིག་འབྲུ་ཁྲི་སྟོང་ཕྲག་གཉིས་ལྷག་ཡོད་པས། འཛམ་གླིང་ཐོག་གི་ལོ་རྒྱུས་མཚོན་པའི་སྙན་ངག་རིང་པོ་ལྔའི་བསྡོམས་གྲངས་ལས་ཀྱང་མང་བ་མ་ཟད་། ནང་དོན་ནི་ད་ལྟ་ད་དུང་མང་དུ་འགྲོ་བཞིན་ཡོད་སྟབས། ད་ལྟའི་བར་དུ་འཛམ་གླིང་ཐོག་རྙེད་པའི་ཡིག་འབྲུ་མང་ཤོས་ཀྱི་མི་རིགས་ཀྱི་ལོ་རྒྱུས་མཚོན་པའི་སྙན་རྩོམ་རིང་མོ་ཞིག་རེད། 2006ལོར། ཀྲུང་གོའི་གཞུང་ཕྱོགས་ཀྱིས་དེ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོ་རུ་བཅུག་པ་དང་། 2009ལོར་ལོ་རྒྱུས་མཚོན་པའི་སྙན་ངག་རིང་པོ"གེ་སར་རྒྱལ་པའི་སྒྲུང"མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་》དུ་བདམས་ཐོན་བྱུང་བ་རེད།

 


上一篇:༄༅།།ཀྲུང་གོའི་གཞོན་ནུ་བཟང་པོཞེས་པའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་ ཤིང་བོད་ལྗོངས་ཀྱི་ཕུལ་བྱུང་གཞོན་ནུ་བཅུ་ལ་མཚན་སྙན་འདི་ཉིད་ཐོབ་པ། གསར་འ

下一篇:༄༅།།རྒྱལ་ནང་གི་ཆེད་མཁས་པ་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཛོམས་ཏེ་བོད་ཁུལ་གྱི་བཟོ་སྐྲུན་ཤུལ་ བཞག་སྲུང་སྐྱོང་གི་སྐོར་གླེང་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1783874 位访客